དབུ་ཤོག>ཞིང་འབྲོག་གསར་པ།
  • གཞིས་རྩེ་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱིས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་འབྲེལ་ཡོད་སྲིད་ཇུས་ལ་འགྲེལ་བཤད་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-12-13

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱིས་ཀྲུང་གོ་དངུལ་ཁང་གཞིས་རྩེ་ཡན་ལག་དངུལ་ཁང་དང་མཉམ་དུ་ལྷ་རྩེ་རྫོང་ལ་བསྐྱོད་དེ། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་འབྲེལ་ཡོད་སྲིད་ཇུས་གསལ་འགྲེལ་སྒྲོག་འགྲེལ་ཚོགས་འདུ་འཚོགས་ཏེ། སྡོད་ཁང་ཉོ་བར་རྒྱབ་སྐྱོར་བྱེད་པའི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དགེ་མཚན་གང་ལེགས་བཏོན་པ་དང་། རྒྱ་ཆེའི་ལས་བྱེད་ལས་བཟོའི་བདེ་རྩར་ཐུག་པའི་ཁེ་ཕན་ལ་སྲུང་སྐྱོང་གང་ལེགས་བྱས་པ་རེད།

    ད་ཐེངས་ཀྱི་སྒྲོག་འགྲེལ་བྱེད་སྒོར་ཁྱོན་དྲིལ་བསྒྲགས་དཔྱད་གཞིའི་ལག་དེབ་100ལྷག་ཙམ་སྤྲད་པ་དང་ས་གནས་ས་ཐོག་ཏུ་བློ་འདྲིའི་ཞབས་འདེགས་ཐེངས་8ཞུས་པ་རེད།

    ལྷ་རྩེ་རྫོང་གི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་ལྷ་རྩེ་རྫོང་གིས་མུ་མཐུད་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ལམ་ལུགས་ཀྱི་ལེགས་ཆ་དང་། དམངས་ཕན་གྱི་གྲུབ་འབྲས། དེ་བཞིན་སྲིད་ཇུས་ཁེ་འབབ་བཅས་སྐོར་གྱི་དྲིལ་བསྒྲགས་ལས་དོན་ཡག་པོ་སྤེལ་ཏེ། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དམངས་ཕན་སྲིད་ཇུས་ཤེས་རྟོགས་ཐུབ་ཚད་མཐོ་རུ་དང་སྤྱི་གསོག་མ་དངུལ་ལམ་ལུགས་ཁྱབ་རྒྱ་སྔར་ལས་ཆེ་རུ་བཏང་ནས། ལས་བཟོའི་སྡོད་ཁང་གི་དགོས་མཁོ་སྐོང་ཆེད་ཞབས་འདེགས་དེ་བས་ལེགས་པར་ཞུ་གི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།