དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • ཞིང་པ་ལས་མིར་བརྩེ་སེམས་བཅངས། སྤྲོ་སྣང་ཆེན་པོས་ཁྱིམ་དུ་ལོག

    ཉིང་ཁྲི་གྲོང་ཁྱེར་གྱིས2023ལོའི་ལོ་འཁོར་གྱི་ཞིང་པ་ལས་མི་ཕ་ཡུལ་དང་ལས་གནས་སུ་ཕྱིར་ལོག་པར་ཞབས་འདེགས་ཞུ་བའི་ལས་དོན་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-11

    འདི་ནི་འགོ་ཚུགས་མཛད་སྒོར་ཉིང་ཁྲི་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་འགྲིམ་འགྲུལ་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་རུ་ཁག་གི་ལས་དོན་པས་ཕ་ཡུལ་དུ་ལོག་མཁན་ཞིང་པ་ལས་མིར་ལག་རྟགས་ཆུང་གྲས་སྤྲོད་བཞིན་པ།

    ཟླ་12ཚེས་8ཉིན་གྱི་ཞོགས་པ་ཉིང་ཁྲི་གྲོང་ཁུལ་དུ་གངས་མ་ཆར་བབས་པས་གནམ་གཤིས་གྲང་དུ་སོང་ཞིང་། ཉིང་ཁྲི་གྲོང་ཁྱེར་འགྲུལ་སྐྱེལ་ལྟེ་གནས་སུ་སྟོད་གོས་དམར་པོ་གྱོན་ཞིང་སྐེ་ལ་ཁ་བཏགས་གཡོགས་པའི་མི་མང་པོ་ཞིག་ལྟོ་ཕད་ཁྱེར་ནས་དགའ་སྤྲོའི་ངང་འགྲུལ་སྐྱེལ་རླངས་འཁོར་དམར་པོ་ཞིག་གི་ཕྱོགས་སུ་སྐྱོད་བཞིན་མཆིས།

    དེ་ནི་ཉིང་ཁྲི་གྲོང་ཁྱེར་གྱི་2023ལོའི་ལོ་འཁོར་གྱི“བརྩེ་སེམས་ཞིང་པ་ལས་མིར་འཆང་། བཟོ་ཚོགས་ཁྱེད་དང་མཉམ་དུ་འགྲོགས”ཀྱི་ཞིང་པ་ལས་མི་ཕ་ཡུལ་དང་ལས་གནས་སུ་ལོག་པར་ཞབས་འདེགས་ཞུ་བའི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་ཤིང་། ཁག་དང་པོའི་ཞིང་པ་ལས་མི་54ལ་རིན་མེད་ཀྱི་རླངས་འཁོར་སྤ་སེ་དང་། ལག་རྟགས། ཆེད་མངགས་བཟོས་པའི་སྟོད་གོས་བཅས་བླངས་ནས་དགའ་སྤྲོའི་ངང་ཆེད་དོན་འགྲུལ་སྐྱེལ་རླངས་འཁོར་དུ་རྡོག་ཁྲེས་བླུགས་རྗེས་སྔ་དྲོའི་ཆུ་ཚོད་བཅུ་པར་ཉིང་ཁྲི་གྲོང་ཁྱེར་གྱི་འགྲུལ་སྐྱེལ་ལྟེ་གནས་ནས་ཐོན་ཏེ་ཕ་ཡུལ་དང་ལས་གནས་སུ་ལོག་པའི་ལམ་བུར་ཞུགས།

    ཉིང་ཁྲིར་ཞིང་པ་ལས་མི་མང་པོ་ཡོད་པ་མ་ཟད། མང་ཆེ་བས་དཀའ་ངལ་ཆེ་ཤོས་ཀྱི་ལས་ཀ་བྱེད་ཀྱི་ཡོད། ལོ་གཅིག་དཀའ་ལས་བརྒྱབ་རྗེས་ཕ་ཡུལ་དུ་ལོག་ནས་ནང་མི་མཉམ་འཛོམས་ངང་དུས་ཆེན་བཏང་སྟེ་རང་ཉིད་ཀྱི་ཕ་མ་དང་བུ་ཕྲུག་ལ་ལྟ་རྟོག་བྱེད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། མིག་སྔར་ཉིང་ཁྲི་གྲོང་ཁྱེར་ཏང་ཨུད་དང་སྲིད་གཞུང་གིས་ལས་མི་ཚོར་སེམས་ཁུར་དང་འཚམས་འདྲི་བྱས་ནས་ལས་མི་ཚོ་བདེ་བླག་ངང་ཕ་ཡུལ་དུ་ལོག་ཐུབ་ཆེད། ཉིང་ཁྲི་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རང་ཉིད་རྒྱ་ཆེའི་ལས་བཟོའི“ཁྱིམ་མི”ཡིན་པའི་ཞབས་ཞུའི་འདུ་ཤེས་བཅངས་ནས་སྒོར་ཁྲི་35བཏང་སྟེ། ཞིང་པ་ལས་མི་ཚོར་ཉིང་ཁྲི་ནས་ཁྲེང་ཏུའུ་བར་གྱི་རིན་མེད་དང་རིན་གོང་བཅག་པའི་འགྲུལ་སྐྱེལ་རླངས་འཁོར་གྱི་སྤ་སེ་700སྤྲད་པ་རེད།

    ཉིང་ཁྲི་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནི་གུས་པར་འོས་པའི་རྒྱ་ཆེའི་ཞིང་པ་ལས་མི་དང་ཁ་འབྲལ་ཐབས་མེད། གྲོང་ཁྱེར་གྱི་ཨར་སྐྲུན་ལས་ཡུལ་ལམ་ཡང་ན་མཛེས་སྡུག་ལྡན་པའི་གྲོང་གསེབ་གང་ཞིག་ཡིན་རུང་ཁོང་ཚོས་ལས་བརྩོན་དཀའ་སྒྲུབ་དང་སྙིང་རུས་ཆེན་པོས་བྱས་རྗེས་བཞག་པའི་ཤུལ་ཡོད། ཉིང་ཁྲི་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་བཅའ་ཁྲིམས་དང་ལས་བཟོའི་ཁེ་དབང་འགན་ལེན་པུའི་པུའུ་ཀྲང་ཕེང་མིང་ཅུན་གྱིས“ད་ཐེངས་ཀྱི་བྱེད་སྒོ་ནི་ཉིང་ཁྲི་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཞིང་པ་ལས་མིར་དོ་ཁུར་བྱེད་པའི་བྱ་སྤྱོད་རྒྱུན་མཐུད་གཏིང་ཟབ་སྤེལ་ནས་ཞིང་པ་ལས་མིས་དོ་སྣང་ཆེ་ཤོས་བྱེད་པ་དང་། དཀའ་ངལ་ཆེ་ཤོས། དོན་དངོས་དང་ཐད་ཀར་འབྲེལ་བ་དམ་ཟབ་ཡོད་པ། འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། ད་རེས་སྤྲད་པའི་རིན་མེད་དང་རིན་གོང་བཅག་པའི་འགྲུལ་སྐྱེལ་རླངས་འཁོར་གྱི་སྤ་སེ་གཙོ་བོ་ཉིང་ཁྲི་གྲོང་ཁྱེར་གྱི་ཞིང་པ་ལས་མིར་དམིགས་པ་ཞིག་རེད། ཞིང་པ་ལས་མིས་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་གྱི་བསྐྱར་དཔར་དང་ཉིང་ཁྲི་གྲོང་ཁྱེར་ཁོངས་གཏོགས་ཁུལ་གྱི་མི་སྤྱོད་ཚན་པའམ་ཡང་ན་གནས་སའི་མངགས་གཏོང་ཁང་དང་ཉེན་དོན་ས་ཚིགས་ཀྱིས་མཁོ་འདོན་བྱས་པའི་ལས་སྒྲུབ་ལག་ཁྱེར་ཁྱེར་ནས་རླངས་འཁོར་སྤ་སེ་ལེན་ཆོག་ལ་སྔོན་ལ་སླེབས་ཚེ་སྔོན་ལ་སྤྲོད་ཀྱི་ཡོད”ཅེས་བཤད།

    ཞིང་པ་ལས་མི་ཕ་ཡུལ་དང་ལས་གནས་སུ་ལོག་པའི་ལམ་བར་གྱི་བདེ་འཇགས་དང་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ལས་དོན་དོན་ཐོག་ཏུ་འཁྱོལ་ཆེད། ཉིང་ཁྲི་གྲོང་ཁྱེར་ལིན་ཨན་འགྲིམ་འགྲུལ་ཐོན་ལས་ཚོགས་པ་ཚད་ཡོད་ཀུང་སིས་རང་འགུལ་ངང་རྒྱ་ཆེའི་ཞིང་པ་ལས་མི་ཕ་ཡུལ་དང་ལས་གནས་སུ་ལོག་པར་ཞབས་འདེགས་ཞུ་བའི་བདེ་འཇགས་འགན་ལེན་བྱས་ཏེ“ཚོར་བ་སྐྱེན་པ་དང་དུས་ཐོག་ཏུ་ཐག་གཅོད་བྱེད་པའི”བླང་བྱ་གཞིར་བཟུང་། 《འཕྲལ་སྡོམ་ལས་འཛོལ་ཐག་གཅོད་ཀྱི་སྔོན་ཇུས》བཟོས་ནས་འགྲུལ་སྐྱེལ་རླངས་འཁོར་བཀོད་སྒྲིག་ཧུར་ཐག་བྱས་ཏེ་ཁ་ལོ་བའི་ལག་རྩལ་བྱང་ཆུབ་པ་དང་འགན་འཁྲི་འཁུར་སེམས་ཆེ་བའི་ཁ་ལོ་བ་བསྡུས་པ་མ་ཟད། ཁ་ལོ་བ་དང《བདེ་འཇགས་ངང་རླངས་འཁོར་གཏོང་བའི་འགན་འཁྲིའི་ཡི་གེ》བཞག་པ་དང་། ལམ་ཐག་ཧྲིལ་པོར་སྲུང་སྐར་གྱི་ས་ཕྱོགས་གཏན་འཁེལ་གྱི་ལྟ་སྐུལ་ཚོད་འཛིན་བྱས་ཏེ་མྱུར་ཚད་ལས་བརྒལ་བ་དང་། ཚད་གཞི་ལས་བརྒལ་ཏེ་མི་བླུགས་པ། ངལ་དུབ་ཡོད་བཞིན་རླངས་འཁོར་གཏོང་བ་སོགས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གཏན་འགོག་བྱས་ཏེ་བདེ་འཇགས་ངང་སྐྱོད་པའི་འགན་ལེན་བྱས་ཡོད། ཀུང་སིས་ད་དུང་ཕ་ཡུལ་དང་ལས་གནས་ལ་ལོག་མཁན་ཞིང་པ་ལས་མིར་འགྲིམ་འགྲུལ་བློ་འདྲི་དང་སྤ་སེ་ཉོ་རོགས་སོགས་ཀྱི་ཞབས་འདེགས་ཞུས་པ་དང་རླངས་འཁོར་ནང་མྱུར་སྐྱོབ་སྨན་རྫས་དང་ཆུ་ཁོལ་སོགས་བཀོད་སྒྲིག་བྱས་ནས་རླངས་འཁོར་ནང་སྡོད་མཁན་ཞིང་པ་ལས་མིར་དྲོ་སྐྱིད་སྦྱིན།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།