ཐོན་ལས་སྣ་ཚོགས་འཕེལ་རྒྱས་བཏང་། གྲོང་གསེབ་དར་རྒྱས་ལམ་བུ་ཡངས།
ཤན་རྩ་རྫོང་གིས་ཡུལ་བབ་དང་བསྟུན་ནས་དེང་རབས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་བཏང་བའི་སྐོར་བཀོད་པ།
གྲོང་གསེབ་དར་རྒྱས་གཏོང་དགོས་ན་ཐོན་ལས་སྔོན་ལ་དར་རྒྱས་གཏོང་དགོས། ཤན་རྩ་རྫོང་གིས་ཐོག་མཐའ་བར་གསུམ་དུ་ཐོན་ལས་དར་རྒྱས་གཏོང་བའི་ལས་དོན་གྲོང་གསེབ་དར་རྒྱས་གཏོང་བའི་འགག་རྩར་བརྩིས་ནས་ཞིང་འབྲེལ་དང་། ཞིང་ཁྲིད། ཞིང་ཕྱུག་བཅས་ཀྱི་གཙོ་རྐང་ལ་དམིགས་ཏེ། སྲིད་ཇུས་ཀྱི་ཁྲིད་སྟོན་དང་ཚན་རིག་དང་མཐུན་པའི་བཀོད་ཇུས་བྱེད་ཤུགས་ཆེ་རུ་གཏོང་བ་དང་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་ཡུལ་བབ་དང་བསྟུན་ཏེ་དེང་རབས་ཀྱི་འབྲོག་ལས་ཐོན་ལས་འཕེལ་རྒྱས་བཏང་ནས་ཐོན་ལས་དར་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད།
དཔེ་སྟོན་ཁྲིད་སྟོན་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཆེད་ལས་མཉམ་ལས་རྩ་འཛུགས་གཞི་ཁྱོན་ཅན་ལ་སྐུལ་འདེད་བཏང་ཞིང་། འབྲོག་ལས་སྒྱུར་བཅོས་ཀྱི་ཁྱབ་འགྱེད་རྟེན་གཞི་དམ་འཛིན་བྱ་གཞིར་བྱེད་པ་མཐའ་འཁྱོངས་ཀྱིས་“འབྲོག་ལས+མཉམ་ལས་ཁང+སྣེ་འདྲེན་ཁེ་ལས”བཅས་ཀྱི་འཕེལ་རྒྱས་གཏོང་སྟངས་ལ་བརྟེན་ནས་ཆེད་ལས་དཔལ་འབྱོར་མཉམ་ལས་རྩ་འཛུགས་སྐྱེད་སྲིང་དང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ལ་ལེགས་སྐྱོར་ཆེ་སྐྱོར་བྱེད་པ། ཞིང་འབྲེལ་དང་། ཞིང་ཁྲིད། ཞིང་ཕྱུག་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཞིང་འབྲེལ་དང་། ཞིང་ཁྲིད། ཞིང་ཕྱུག་བཅས་ཀྱི་ཕན་འབྲས་ཐོན་པར་བྱས་ཡོད། འཛུཌ་སྐྱོང་ལ་བྱ་དགའ་སྤྲོད་པ་དང་། གནད་སྨིན་ལ་རོཊ་སྐྱོར་བྱེད་པའི་ལས་ཀའི་རྩ་དོན་མཐའ་འཁྱོངས་ཀྱིས་མཉམ་ལས་ཁང་གི་འཛུགས་གཏོད་ཀྱི་དཔེ་མཚོན་ཉམས་མྱོང་དང་བྱེད་ཐབས་འཚོལ་བསྡུ་བྱས་ཏེ། དེབ་བཟོས་ནས་མཉམ་ལས་ཁང་བཙུགས་མེད་པ་དང་བཙུགས་ཀྱང་ཕན་འབྲས་མངོན་གསལ་དོད་པོ་མེད་པའི་གྲོང་ཚོར་དཔྱད་གཞི་དང་སློབ་སྦྱོང་བྱེད་པར་མཁོ་འདོན་བྱེད་པ། མི་དམངས་འཐུས་ཚོགས་ཀྱི་བཞུགས་མོལ་དང་། སྲིད་གྲོས་ཀྱི་བརྟག་དཔྱད་ཞིབ་འཇུག་སོགས་འབྲེལ་ཡོད་ཆེད་ལས་མཉམ་ལས་རྩ་འཛུགས་ཀྱི་སྐུལ་སྤེལ་ཆེད་དོན་ཚོགས་འདུར་ཧུར་ཐག་ཞུགས་ནས་ཆེད་ལས་མཉམ་ལས་རྩ་འཛུགས་ཀྱི་སྒྲིག་འཛུགས་བྱེད་ཐབས་ཞིབ་འཇུག་དང་དེ་བས་འཐུས་སྒོ་ཚང་དུ་བཏང་ཡོད། མིག་སྔར་རྫོང་ཡོངས་སུ་ཆེད་ལས་མཉམ་ལས་རྩ་འཛུགས་ཁྱོན་བསྡོམས་38བཙུགས་ཡོད་པ་དང་། 2022ལོའི་ལོ་མཇུག་ཏུ་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་8550.9བྱུང་བ། ཡོང་འབབ་ཁེ་གཙང་སྒོར་ཁྲི་7791.55བྱུང་བ། ཁེ་སྤོགས་བགོ་བཤའ་སྒོར་ཁྲི་7062.58བྱུང་བ་བཅས་རེད།
ཐོན་ལས་རོགས་སྐྱོར་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ་མཐའ་འཁྱོངས་ཀྱིས་ཐོན་ལས་ཀྱི་ཕན་འབྲས་ཆེ་རུ་བཏང་ཞིང་། འབྲེལ་ཡོད་ཀྱི་ཐོན་ལས་སྲིད་ཇུས་དོན་འཁྱོལ་ནན་པོ་བྱས་ནས་འབྲོག་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། ཕྱུགས་གཡར་ཕྱུགས་གསོའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཕྱུགས་ཚང་དང་། ཕྱུགས་ར། རྒྱུད་སྤེལ་ར་བ་སོགས་ཀྱི་རྣམ་གྲངས་ལག་ལེན་ཧུར་ཐག་བསྟརནས་ཞིང་འབྲོག་དུད་ཚང་གིས་འབྲོག་ལས་མཉམ་ལས་ཁང་ལ་བརྟེན་ནས་ཡོང་འབབ་བགོ་བཤའ་དང་འབབ་འཕར་ཡོང་བར་བྱས་པ་དང་། ཐོན་རྫས་ཕྱིར་ཚོང་གི་ཐབས་ལམ་དང་སྤུས་ཚད་ཞིབ་དཔྱད་ཚད་ལེན་གྱི་ལས་དོན་དེ་བས་རྒྱ་ཆེར་བཏང་ནས“གྲགས་ཅན་དང་། སྤུས་ལེགས། ཁྱད་ལྡན། གསར་པ་བཅས་ཀྱི་ཞིང་ལས་ཐོན་རྫས”འདུན་ཞུའི་ལས་དོན་ཧུར་ཐག་སྤེལ་ནས་མིག་སྔར“འབྲོག་ཁྱིམ་མགྲོན་པོ”(ཚགས་ཤ་སོས་པ)དང་། ཞི་མོང་ཏཱ་གདོད་མའི་བལ་གྱི་ཕོ་ཁེབས། ཤན་རྩའི་གྲོང་ཚོ་བདུན་པའི་མཉམ་ལས་ཁང་གི་ཚགས་ཤ་སྐམ་པོ་བཅས་ཐོན་རྫས་རྣམ་གྲངས་གསུམ་གྱི་དུས་འགོའི་འདུན་ཞུའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད། རོགས་སྐྱོར་ཐོན་རྫས་འགྲེམས་ཚོང་གི་བྱེད་སྒོ་སྤེལ་ནས་བྱེད་སྒོ་སྤེལ་ཡུལ་དུ་ཤན་རྩའི་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་བྱས་ཏེ་ས་གནས་ཁག་གི་འཛད་སྤྱོད་པའི་ཡིད་དབང་བཀུག་པ་དང་། ཕྱིར་ཚོང་གི་ཐབས་ལམ་རྒྱ་ཆེར་གཏོང་བ། ཡུལ་སྐོར་འཛད་སྤྱོད་ལ་སྐུལ་འདེད་བཏང་བ་བཅས་རེད།
ལག་རྩལ་ལ་བརྟེན་ནས་འདེགས་སྐྱོར་མཐའ་འཁྱོངས་ཀྱིས་ཐོན་ལས་སྣ་མང་ཅན་ལ་སྐུལ་འདེད་བཏང་ཞིང་། མང་ཚོགས་ཀྱིས་སྔོ་ཚལ་འདེབས་འཛུགས་བྱེད་པར་ཁྲིད་སྟོན་བྱས་ནས་འདེབས་འཛུགས་ལས་རིགས་ཀྱི་གཞི་ཁྱོན་ཆེ་རུ་བཏང་སྟེ། སྔ་རྗེས་སུ་དྲོད་ཁང་ཆེ་མོའི་འདེབས་འཛུགས་དང་མི་ཐབས་རྩྭ་འདེབས་ལག་རྩལ་གྱི་ཞབས་ཞུ་ཐེངས་680བྱས་ཏེ་རྫོང་ཁོངས་ཡོངས་སུ་ཁྱབ་པར་བྱས་ཡོད། འདི་ལོ་ཚུན། ཞོག་ནག་གི་སོན་རྒྱ་མ་6000ནང་འདྲེན་བྱས་ནས་མུའུ་8.6བཏབ་པ་དང་སྔོ་ཚལ་འདེབས་ཁྱོན་མུའུ་21.5ཟིན་ནས་འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་མང་དུ་ཕྱིན་པ་དང་། མི་ཐབས་རྩྭ་འདེབས་རྒྱུན་མཐུད་ཁྱབ་གདལ་བཏང་སྟེ་རིམ་རྩིས་བྱས་ན་རྩྭ་སོན་ཏུན་44ཉོས་པར་མི་ཐབས་རྩྭ་འདེབས་ཁྱོན་མུའུ་ཁྲི་1.2ཟིན་ཏེ་འབྲོག་པ་མང་ཚོགས་ཀྱི་གཟན་རྩྭའི་འགྲོ་གྲོན་ཉུང་དུ་ནུས་ལྡན་བཏང་ཡོད།
སྐོར་ཞིབ་དག་ཐེར་གོ་སྐབས་སུ་བྱས་ཏེ་རོགས་སྐྱོར་ཐོན་ལས་ཀྱི་རིམ་སྤོར་ལ་སྐུལ་འདེད་བཏང་ཞིང་། རིམ་ཁག་སྐོར་ཞིབ་ལྟ་ཞིབ་ཀྱིས་ཚུར་ལན་གནད་དོན་བརྒྱུད་ཟུར་བསྟན་ལེབ་མཐོང་གིས་རོགས་སྐྱོར་ཐོན་ལས་འཕེལ་རྒྱས་ཀྱི་ཕན་འབྲས་དང་། ཁྲོམ་རའི་མདུན་ལམ། འཕྲད་པའི་དཀའ་གནད་བཅས་ལ་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་དབྱེ་ཞིབ་བྱས་ནས་ལས་ཀའི་ཚད་གཞི་བཟོ་བ་དང་གནད་སྨིན་ཇུས་འདོན་གྱིས་རོགས་སྐྱོར་ཐོན་ལས་འཕེལ་རྒྱས་ཀྱི་ཕན་འབྲས་ཆེ་རུ་ཏན་ཏིག་བཏང་ཡོད།