དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • བོད་ཀྱིས་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་430བསྐྲུན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-12-06

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པར་བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར་བོད་དུ་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་430བསྐྲུན་པ་དང་། རྨོ་ཞིང་གི་རྒྱ་ཁྱོན་བསྡོམས་འབོར་གྱི་65%ཙམ་ཟིན་ཡོད།

    ཉེ་བའི་ལོ་ཤས་རིང་། བོད་ཀྱིས་རྨོ་ཞིང་སྒྱུར་བཀོད་ཤུགས་ཆེན་བྱས་ནས་ཚད་གཞི་མཐོ་བའི་ཞིང་ཁ་བསྐྲུན་པ་དང་། ཞིང་ནང་ཆུ་བེད་དང་ཞིང་ནང་གི་འགྲོ་ལམ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་སྟེ། རྨོ་ཞིང་གི་སྤུས་ཚད་དང་འབྲུ་རིགས་ཀྱི་ཐོན་འབབ་ཕྱོགས་ཡོངས་ནས་མཐོ་རུ་བཏང་ནས་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱིས་2022ལོ་འཁོར་གྱི་ཚད་གཞི་མཐོ་བའི་ཞིང་ཁ་བསྐྲུན་པའི་རྣམ་གྲངས་ཀྱི་ལས་འགན་མུའུ་ཁྲི་75གཏན་འཁེལ་བྱས་པ་ནས་མུའུ་ཁྲི་74.84ལེགས་གྲུབ་ཟིན་ནས་ལེགས་གྲུབ་ཐུབ་ཚད་99.8%ཟིན་ཡོད། 2023ལོ་འཁོར་གྱི་རྣམ་གྲངས་ཀྱི་ལས་འགན་མུའུ་ཁྲི་60གཏན་འཁེལ་བྱས་པ་ནས་ད་བར་མུའུ་ཁྲི་41.44བསྐྲུན་ཟིན་པའི་ནང་མུའུ་ཁྲི་18.03གསར་དུ་བསྐྲུན་པ་དང་མུའུ་ཁྲི་23.41ལ་སྒྱུར་བཀོད་རིམ་སྤོར་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ས་བབ་ཀྱི་ཤུགས་རྐྱེན་དབང་གིས་བོད་ལྗོངས་ཀྱི་རྨོ་ཞིང་ཐར་ཐོར་ཡིན་པའི་ཁར་ས་ཁོད་སྙོམས་པོ་མེད། དེས་ན་ཞིང་ཁ་བསྐྲུན་པའི་གཏོང་སྒོ་ཡང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་དང་མུའུ་རེར་ཆ་སྙོམས་མ་དངུལ་སྒོར་2000ཙམ་གཏོང་དགོས་ཀྱི་ཡོད།

    བོད་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གི་འབྲེལ་ཡོད་འགན་འཁུར་བས། ཚད་གཞི་མཐོ་བའི་ཞིང་ཁ་བསྐྲུན་པ་ལས་ཞིང་ལས་ཀྱི་སྣ་ཁ་གསར་པ་དང་ལག་རྩལ་གསར་པ་ཁྱབ་གདལ་བེད་སྤྱོད་བྱེད་ཚད་མགྱོགས་སུ་ཕྱིན་པ་མ་ཟད། རྨོ་འདེབས་དང་རྔ་བསྡུ་ཞིང་འཕྲུལ་ཅན་དུ་འགྱུར་ཚད་ཀྱང་མཐོ་རུ་ཕྱིན་པ་དང་། ཞིང་ཁར་ཆུ་འདྲེན་པའི་ཆ་རྐྱེན་ལེགས་སུ་བཏང་བས་རྨོ་ཞིང་གི་སྤུས་ཚད་ཀྱི་ཆ་སྙོམས་རིམ་པ་མཐོ་རུ་རིམ་བཞིན་ཕྱིན་ཏེ་འབྲུ་རིགས་ཀྱི་ཐོན་འབབ་མཐོ་རུ་ཕྱིན་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།