དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ལྷུན་གྲུབ་ཞིང་རས་ལས་མི་སྒྲིག་འཛུགས་བྱས་ནས་བརྗོད་དོན་གཙོ་བོའི་གསོ་སྦྱོང་ལ་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-12-06

    ལྷུན་གྲུབ་ཞིང་ར་ནི་རང་སྐྱོང་ལྗོངས་རིམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཡིན་ཞིང་། ཉེ་ཆར། ཞིང་ར་དེ་བཙུགས་ཚུན་གྱི་གསོ་སྦྱོང་འཛིན་གྲྭ་ཐོག་མ་དེ་སློབ་འགོ་ཚུགས་པ་དང་། ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུས་གྲོང་ཁྱེར་དེའི་རྫོང(ཆུས)ཨུད་དྲིལ་བསྒྲགས་པུའི་ལས་འགན་ཁག་བགོས་ཀྱི་འགན་འཁུར་བ་གཙོ་བོ་དང་། གྲོང་ཁྱེར་དེ་གྲོང་ཁྱེར་རིམ་པ་དང་དེ་བཞིན་རིམ་པ་དེ་ཡན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དོ་དམ་པ་དང་རྐང་འཛིན་འགྲེལ་བཤད་པ་སོགས་ཁྱོན་མི་38སྒྲིག་འཛུགས་བྱས་ནས། “གསར་བརྗེའི་སྲོལ་རྒྱུན་དར་སྤེལ་བཏང་ནས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད”བརྗོད་དོན་གཙོ་བོར་བཟུང་ནས་དུས་ཡུན་ཉིན་ལྔའི་གསོ་སྦྱོང་བྱས་པ་རེད།

    གསོ་སྦྱོང་གཉེར་སྐབས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། ཡུལ་དངོས་ཀྱི་ལག་ལེན་སློབ་སྦྱོང་། སྤེལ་རེས་བགྲོ་གླེང་བཅས་ཟུང་འབྲེལ་བྱས་ཏེ་ཅང་སུའུ་ཞིང་ཆེན་གྱི་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། རང་སྐྱོང་ལྗོངས་རྟེན་རྫས་བཤམས་མཛོད་ཁང་། ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭ་སོགས་ཀྱི་དགེ་རྒན་གདན་དྲངས་ཏེ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་དོ་དམ་དང་། རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་དང་བེད་སྤྱོད་སོགས་ཕྱོགས་7ལ་དམིགས་ནས་འགྲེལ་བཤད་ཆ་ཚང་པོ་བརྒྱབ་པ་དང་སྦྲགས། ཐན་ཀོན་སན་དྲན་གསོ་ཁང་དང་ལྷུན་གྲུབ་ཞིང་རའི་གནས་རྙིང་སོགས་སུ་ལྟ་སྐོར་བྱས་ནས་ཡུལ་དངོས་ཀྱི་ལག་ལེན་སློབ་སྦྱོང་ཡང་བཀོད་སྒྲིག་བྱས་ཡོད་པ་རེད། གསོ་སྦྱོང་ལ་ཞུགས་མཁན་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་བྱས་ནས་རང་ངོས་ཀྱི་ཕྱོགས་བསྡུས་བྱང་ཚད་དང་ལས་སྒོའི་ཆུ་ཚད་མཐོ་རུ་བཏང་བ་དང་ཆབས་ཅིག རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི་ལས་དོན་སྔར་བས་ཡག་པོ་བསྒྲུབས་ནས་ཕན་འབྲས་དེ་བས་ཆེན་པོ་ཐོན་པར་སྐུལ་འདེད་ཀྱང་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།