པ་སྣམ་རྫོང་དང་། སྟག་རྩེ་ཆུས། ཁ་རུབ་ཆུས་བཅས་ཀྱི་རྗེས་ལ།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ལ་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལྡན་པའི་རྫོང་གི་མིང་བཏགས་པ།
ཉེ་ཆར། ཞིང་ལས་དང་གྲོང་གསེབ་པུས་རྒྱལ་ཁབ་རིམ་པའི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལྡན་པའི་རྫོང་ཁག་གསུམ་པའི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ལ་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལྡན་པའི་རྫོང་ཞེས་པའི་མིང་བྱང་དངོས་སུ་སྤྲད་ཡོད། སྐབས་འདིར་རང་ལྗོངས་སུ་རྒྱལ་ཁབ་ཀྱི་ཞིང་ལས་་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལྡན་པའི་རྫོང་4ཡོད་པ་སྟེ། པ་སྣམ་རྫོང་དང་། སྟག་རྩེ་ཆུས། ཁ་རུབ་ཆུས། ཁྲེང་ཀོན་ཆུས་བཅས་རེད།
རྒྱལ་ཁབ་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལྡན་པའི་རྫོང་འཛུགས་གཏོད་བྱས་ཚུན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་ཞིང་ལས་ཐོན་རྫས་ཚད་ལྡན་ཅན་གྱི་ཐོན་སྐྱེད་དང་རིག་ལྡན་ཅན་གྱི་ལྟ་འདོམས་སོགས་ཀྱི་དམིགས་ཚད་ལ་གཞིགས་ཏེ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལམ་ལུགས་དང་ཞིང་ལས་ཐོན་རྫས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་འདོམས་བྱེད་པའི་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལས་དོན་གྱི་ཚད་གཞི་དང་དཔེ་སྟོན་སྣེ་ཁྲིད་ནུས་པ་ལྡན་པས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་ལྟ་འདོམས་ནུས་པ་འཛུགས་སྐྱོང་ཐད་ཚད་བརྒལ་བྱུང་བ་དང་། ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ཚད་ལྡན་ཅན་འཛུགས་སྐྱོང་ལ་གྲུབ་འབྲས་ལྡན་པ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་མཐོར་གཏོང་ལ་འགན་ལེན་བྱུང་བ་བཅས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་ཆུ་ཚད་སྤྱིར་ན་མཐོ་རུ་ཕྱིན་ཡོད་པ་རེད།