དབུ་ཤོག>ཞིང་འབྲོག་གསར་པ།>ཞིང་འབྲོག་ཤེས་བྱ།
  • སྙེ་མོ་རྫོང་གིས།

    2023ལོའི་བྱང་ཚད་མཐོ་བའི་ཞིང་འབྲོག་པའི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-29

    ཉེ་ཆར། སྙེ་མོ་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་ལྷ་ས་གྲོང་ཁྱེར་ལན་ཞང་རྩལ་ནུས་གསོ་སྦྱོང་སློབ་གྲྭས་གཉེར་འགན་འཁུར་བའི་སྙེ་མོ་རྫོང་གི་2023ལོའི་བྱང་ཚད་མཐོ་བའི་ཞིང་འབྲོག་པའི་གསོ་སྦྱོང་འཛིན་གྲྭ་ལྷ་སར་བདེ་བླག་ངང་སློབ་འགོ་ཚུགས་པ་རེད། རྫོང་ཡོངས་ཀྱི་ཤང(གྲོང་རྡལ)ཁག་གི་གྲོང་ཚོའི(གྲོང་ལྷན)ཞིང་འབྲོག་ཚན་རྩལ་ཆེད་བསྐོས་ལས་བྱེད་པ་དང་། ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པ། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་དོ་དམ་པ། མཉམ་ལས་ཁང་གི་སྣེ་ཁྲིད་པ། ཁྱིམ་ཚང་ཞིང་འབྲོག་རའི་གཉེར་སྐྱོང་བ། གྲོང་ཚོ་རིམ་པའི་སྲོག་ཆགས་ཀྱི་རིམས་འགོག་པ་སོགས་ཁྱོན་མི་200གསོ་སྦྱོང་ལ་ཞུགས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་དུས་ཡུན་ཉིན་11ཡིན་པ་དང་། “སློབ་ཁང་གི་སློབ་ཁྲིད་དང་། ས་ཡུལ་དངོས་ཀྱི་སློབ་ཁྲིད། དྲ་རྒྱའི་སློབ་ཁྲིད་པ”བཅས་ཕན་ཚུན་ཟུང་འབྲེལ་གྱི་རྣམ་པ་སྤྱད་དེ། ཕྱུག་འགྱུར་སྣེ་ཁྲིད་འཛིན་གྲྭ་དང་། འདེབས་འཛུགས་འཛིན་གྲྭ གསོ་ཚགས་འཛིན་གྲྭ་བཅས་འཛིན་གྲྭ་གསུམ་བཀོད་སྒྲིག་བྱས་ཤིང་། གསོ་སྦྱོང་ལ་ཐོན་ལས་འཕེལ་རྒྱས་དང་། ལག་རྩལ་གསར་བརྗེ། ཁྲོམ་རའི་སྟོན་ཕྱོགས། ཞིང་འབྲོག་པའི་དགོས་མཁོ་བཅས་ཀྱི་ནང་དོན་དང་ཟུང་འབྲེལ་བྱེད་པར་སྣང་ཆེན་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།