གོ་འཇོ་རྫོང་གིས་ཞིང་པ་ལས་མིར་ཆད་འགྱངས་བྱས་པའི་གླ་ཆ་སྒོར་ཁྲི་11.6ལེན་རོགས་བྱས་པ།
ཉེ་ཆར་གོ་འཇོ་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་ཨར་ལས་བྱེད་མཁན་ཕྱོགས་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་ལོ་གཉིས་ལྷག་ཙམ་ཆད་འགྱངས་བྱས་པའི་ཞིང་པ་ལས་མིའི་གླ་ཆ་སྒོར་ཁྲི་11.6ཚུར་བླངས་པ་རེད། གླ་ཆ་སྒོར་ཁྲི་4རག་མ་ཐག་པའི་སྐྱེ་ཁུངས་སི་ཁྲོན་ནས་ཡིན་པའི་ཞིང་པ་ལས་མི་ཧུའུ་ཀོང་རུང་གིས “སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན ”ཞེས་སེམས་འགུལ་ཐེབས་པའི་ངང་བཤད།
གོ་འཇོ་རྫོང་གླང་སྨད་ཤང་འགུ་པ་གཞུང་ལམ་དེ་2012ལོར་ཨར་ལས་ལེགས་སྒྲུབ་བྱུང་བ་་དང་འབྲེལ་འཁོར་རྒྱུག་བྱ་རྒྱུར་རྩིས་སྤྲད་རྗེས་ཨར་ལས་ཕྱོགས་ཀྱིས་སྔ་ཕྱི་བར་གསུམ་དུ་ས་ཆ་དེ་གའི་ས་ཁམས་ཆ་རྐྱེན་ཪྙོག་འཛིང་ཆེ་བ་དང་ཨར་ལས་དཀའ་ངལ་ཆེན་པོ་ཡོད་པའི་རྐྱེན་གྱིས་གོ་འཇོ་རྫོང་ལ་ལས་གྲྭའི་དངུལ་རྗེས་སྣོན་བྱ་རྒྱུའི་རེ་བ་བཏོན། ཞིབ་དཔྱད་བྱས་པ་བརྒྱུད་གོ་འཇོ་རྫོང་གིས་ལས་གྲྭའི་དངུལ་རྗེས་སྣོན་བྱ་རྒྱུའི་ཁས་མ་བླངས་སྟབས་ཨར་ལས་ཕྱོགས་ཀྱིས་གནས་ཚུལ་སྣ་ཚོགས་ལ་ཁ་གཡར་ནས་ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་བྱས་ཡོད། ཕྱི་ཕྱོགས་སུ་ཡོང་འབབ་གསོག་མཁན་ཞིང་པ་ལས་མིའི་གླ་ཆ་རག་པ་བྱ་ཆེད་གོ་འཇོ་རྫོང་གིས་ནུས་ཤུགས་གང་ཡོད་བཏོན་ནས་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་གླ་ཆ་ཆད་འགྱངས་ཀྱི་གནད་དོན་བཅོས་སྒྲིག་བྱས་པ་དང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཆད་འགྱངས་གཉིས་གཙང་བཤེར་བྱེད་པའི་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་ལེགས་སྒྲིག་བྱས་ཐོག་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་དང་ཁྲིམས་འཛིན་སོགས་སྡེ་ཚན་གྱི་སྟོབས་ཤུགས་གཅིག་སྒྲིལ་གྱིས་སྲིད་འཛིན་དང་བཅའ་ཁྲིམས་སོགས་ཀྱི་བྱེད་སྟངས་ཐོག་ནས་རྐང་བཙུགས་ནས་གླ་ཆ་ཆད་འགྱངས་བྱེད་མཁན་ཨར་ལས་ཁེ་ལས་ལ་སློབ་གསོ་རྒྱག་པ་དང་ཆད་གཅོད་བྱས་ཐོག་ཞིང་པ་ལས་མིར་ཡིད་རྟོན་གྱི་འགན་ལེན་ནུས་ལྡན་ཞིག་བྱས་པ་རེད།