དབུ་ཤོག>ཞིང་འབྲོག་གསར་པ།>ལས་མིའི་ལྡུམ་རྭ།
  • བོད་ལྗོངས་ཀྱིས་ཞིང་འབྲོག་ལས་མིའི་གླ་ཆ་སྤྲོད་ཚུལ་ལ་ཞིབ་བཤེར་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2023-11-28

    ཉེ་ཆར་གསར་འགོད་པས་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། དུས་ཡུན་ཉིན་55ཡིན་པའི་ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་མིའི་གླ་ཆ་སྤྲོད་ཚུལ་ལ་ཆེད་དོན་ཞིབ་བཤེར་བྱེད་སྒོར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་ཞིང་འབྲོག་ལས་མིའི་གླ་ཆ་དང་དེ་བཞིན་སྐྱིན་ཚབ་དངུལ་སྒོར་ཁྲི་133.3051སྤྲོད་དགོས་པའི་འགན་དཀྲིས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་སོགས་པུའུ་དང་ཨུ་ཡོན་ལྷན་ཁང་6《ཞིང་པ་ལས་མིའི་གླ་ཆ་སྤྲོད་ཚུལ་ལ་ཆེད་དོན་ཞིབ་བཤེར་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ 》དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་སོགས་པུའུ་དང་ཨུ་ཡོན་ལྷན་ཁང་12ཀྱིས་འཚོགས་པའི་2013ལོའི་དཔྱིད་གསར་དུས་ཆེན་གོང་དུ་ཞིང་པ་ལས་མིར་གླ་ཆ་སྤྲོད་རྒྱུ་འགན་ལེན་ལེགས་པར་བྱེད་དགོས་པའི་སྐོར་གྱི་བཪྙན་འཕྲིན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བྱེད་ཆེད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་མི་སྤྱོད་སྡེ་ཚན་གྱིས་འཛུགས་སྐྲུན་དང་། སྤྱི་བདེ། བཟོ་ཚོང་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་2012ལོའི་ཟླ་11ཚེས་26ནས་2013ལོའི་ཟླ་1ཚེས་20ཉིན་བར་ལྗོངས་ཡོངས་སུ་ཞིང་འབྲོག་ལས་མིའི་གླ་ཆ་སྤྲོད་ཚུལ་ལ་ཆེད་དོན་ཞིབ་བཤེར་གྱི་བྱེད་སྒོ་སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།