དབུ་ཤོག>ཞིང་འབྲོག་གསར་པ།>དམངས་ཕན་སྲིད་ཇུས།
  • ཞིང་འབྲོག་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་8770ཡོང་བར་སྐུལ་ཁྲིད་ཐུབ་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-11-28
      • འདི་ནི་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་ལས་དོན་མི་སྣས་གློག་ལམ་ལ་ཞིབ་བཤེར་བྱེད་བཞིན་པ།

        ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ཆན་ཧྥུའུ་110ཡི་གློག་གཏོང་སྒྱུར་ལས་གྲྭ་དངོས་སུ་ལས་འགོ་ཚུགས་པ་དེ་ཐོག་ནས་ལོ་འཁོར་གྱི་བོད་ཀྱི་གློག་དྲའི་འཛུགས་སྐྲུན་ལས་འགན་ཕྱོགས་ཡོངས་ནས་ལས་ཐོན་བསྐྱར་ཚུགས་བྱུང་བ་མཚོན་པ་དང་། བོད་ཀྱི་གློག་དྲ་འཛུགས་སྐྲུན་རྣམ་གྲངས་128ལ་རིམ་པས་སྐུལ་འདེད་བཏང་བར་འཛུགས་སྐྲུན་ལ་ཞུགས་མཁན་2600ལྷག་ཙམ་ཚང་མ་ལས་གནས་སུ་འབྱོར་ཏེ་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་8770ཡོང་བར་སྐུལ་ཁྲིད་ཐུབ་རྒྱུ་ཡིན་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོར་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་གློག་དྲའི་འཛུགས་སྐྲུན་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་80ཙམ་གཏོང་རྩིས་ཡོད་པ་དེ་བོད་ཀྱི་གྲོང་ཁྱེར(ས་ཁུལ)7གྱི་རྫོང(ཆུས)56དང་འབྲེལ་བ་ཡོད་པས་གློག་སྤྱོད་མཁན་མང་ཚོགས་ཁྲི་50ཙམ་ལ་ཕན་པ་དང་། གློག་དྲ་འཛུགས་སྐྲུན་གྱི་ལས་ཡུལ་དང་། ཨར་སྐྲུན་རྒྱུ་ཆ་དང་ཨར་འདམ། གློག་ཤུགས་སྒྲིག་ཆས་བཟོ་བ་སོགས་གོང་འོག་ཐོན་ལས་ལ་སྐུལ་ཁྲིད། ཞིང་འབྲོག་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་8770ཡོང་བར་སྐུལ་ཁྲིད་ཐུབ་ནས་བོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་ཐུབ་རྒྱུར་ཞབས་འདེགས་ཞུ་བ་དང“བརྟན་ལྷིང་དྲུག་དང་འགན་ལེན་དྲུག”གི་ལས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་ཐུབ་པར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་རེད།

        རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་སྒྲིག་ཆས་པུའི་གློག་བཀོད་གཏོང་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཉིང་ཧྲོའུ་ཤན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ལྷ་ས་གྲོང་ཁྱེར་གྱིས་གློག་དྲ་སྒྲིག་སྦྱོར་དང་སྒྱུར་བཀོད་རྣམ་གྲངས་8ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་4.06ཙམ་བཏང་ཞིང་། སྒྱུར་བཀོད་ས་ཁོངས་དེ་ལྷ་སའི་ཁྲེང་ཀོན་ཆུས་དང་སྣེའུ་ཁུལ་གསར་གྱི་གློག་དྲར་ཁྱབ་པ་དང་། ཁྱོན་སྐུད་ལམ་50སྒྱུར་བཀོད་དང་གསར་སྐྲུན་བྱེད་རྒྱུ་དང་། ཆན་ཧྥུའུ་10ཡི་གློག་ཁྲིད་སྐུད་ལམ་སྤྱི་ལེ་76.448ཙམ་བསྐྲུན་རྒྱུ། གློག་གནོན་སྒྱུར་ཆས་67བསྐྲུན་རྒྱུ། གློག་སྒྲོམ་199ལ་ལྕགས་དྲ་བསྐོར་རྒྱུ། སྤྱི་ལེ་108.68ཡི་གློག་གནོན་དམའ་བའི་གློག་སྐུད་སྒྱུར་བཀོད་བྱེད་རྒྱུ་བཅས་ཡིན་པ་རེད། རྣམ་གྲངས་དེ་དག་ལག་བསྟར་བྱས་རྗེས་ལྷ་སའི་གློག་དྲའི་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་ཏེ་ས་ཁོངས་ཁག་གི་གློག་མཁོ་འདོན་གྱི་བྱེད་ནུས་ལེགས་སུ་ནུས་ལྡན་འགྲོ་རྒྱུ་དང་གློག་བརྟན་པོ་ཡོང་ཚད་སྔར་བས་མཐོ་རུ་འགྲོ་རྒྱུ་རེད།

        ལོ་འགོ་ནས་བཟུང་། ཁ་བ་ཆེན་པོ་བབས་པ་དང་རླུང་ཆེན་ལྡང་བ་སོགས་ཀྱི་གནམ་གཤིས་ཀྱིས་རྐྱེན་པས་བོད་ཀྱི་གློག་དྲའི་འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་ཐོན་བསྐྱར་ཚུགས་ལ་འགྲན་སློང་དྲག་པོ་འཕྲད་ཡོད། ལོ་ཧྲིལ་པོའི་འཛུགས་སྐྲུན་རྣམ་གྲངས་ཕྱོགས་ཡོངས་ནས་ལས་ཐོན་བསྐྱར་ཚུགས་ཐུབ་པའི་འགན་ལེན་བྱ་ཆེད། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་ལས་གྲྭའི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས་དགུན་དུས་ཀྱི་ལས་གྲྭ་མཚམས་འཇོག་གི་དུས་ཚོད་སྤྱད་དེ་འཛུགས་སྐྲུན་དོ་དམ་ཚན་པ་ཁག་སྒྲིག་འཛུགས་ཀྱིས་ལས་ཐོན་བསྐྱར་ཚུགས་ཀྱི་ལས་ཀའི་འཆར་གཞི་སྔོན་ལ་བཟོས་ནས། འཛུགས་སྐྲུན་དོ་དམ་ཚན་པ་ཁག་ལ་ལས་ཐོན་བསྐྱར་ཚུགས་ཀྱི“གཞི་རྩའི་ཆ་རྐྱེན་ལྔའི”བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། “གོམ་སྟབས་བདུན”ལ་ནན་པོར་གཞིགས་ཏེ་ཚད་གཞི་ཅན་གྱི་ལས་ཐོན་བསྐྱར་ཚུགས་ལས་དོན་སྤེལ་དགོས་པའི་བླང་བྱ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།