དབུ་ཤོག>ཞིང་འབྲོག་གསར་པ།>ཞིང་འབྲོག་ཤེས་བྱ།
  • གཞིས་རྩེ་གྲོང་ཁྱེར་ཞིང་ལས་ཞིབ་འཇུག་ལྟེ་གནས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གིས།

    ཞིང་འབྲོག་ཐོན་ལས་ཐད་ཀྱི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-22

    ཉིན་ཤས་གོང་། གམ་པ་རྫོང་གམ་པ་གྲོང་རྡལ་ཞོལ་གྲོང་ཚོར་བཅའ་སྡོད་གཞིས་རྩེ་གྲོང་ཁྱེར་ཞིང་ལས་ཞིབ་འཇུག་ལྟེ་གནས་ཀྱི་ལས་དོན་རུ་ཁག་གིས་བཅའ་སྡོད་ཚན་པའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། གམ་པ་རྫོང་ཨུད་ཏང་གི་སློབ་གྲྭ་དང་མཉམ་དུ་གྲོང་གསེབ་དར་རྒྱས་དང་ཞིང་འབྲོག་ཐོན་ལས་ཀྱི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་གཉེར་བར། རྫོང་དེ་ཡོངས་ཀྱི་ཚན་རྩལ་ཆེད་མངག་པ་དང་། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ། ཞིང་འབྲོག་པའི་ཆེད་ལས་པ་སོགས་ཁྱོན་མི་70ལྷག་ཙམ་གསོ་སྦྱོང་ལ་ཞུགས་ཡོད།

    ད་ཐེངས་ཀྱི་གསོ་སྦྱོང་ལ་ལྟེ་གནས་དེ་གའི་ཤིང་འབྲས་དང་སྔོ་ཚལ་ཞིབ་འཇུག་སུའོ་དང་། ཕྱུགས་རིགས་ཞིབ་འཇུག་སུའོ། ཞིང་ལས་ལག་རྩལ་ཁྱབ་གདལ་ས་ཚིགས། ཕྱུགས་རིགས་ལག་རྩལ་ཁྱབ་གདལ་ས་ཚིགས་བཅས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་རིགས་གཅིག་མཁས་ཅན་6གིས་སློབ་ཚན་ཁྲིད་པ་དང་། དེ་བཞིན་གསོ་སྦྱོང་ལ་ཞུགས་མཁན་གྱི་སློབ་མ་སྒྲིག་འཛུགས་བྱས་ནས་གམ་པ་རྫོང་ཞོལ་གྲོང་ཚོའི་དྲོད་ཁང་ཆེན་པོ་དང་ཞོལ་གྲོང་ཚོའི་རྩྭ་ཆུ་བཟང་བའི་ལུག་གསོ་ཆེད་ལས་མཉམ་ལས་ཁང་དུ་བསྐྱོད་དེ། སྔོ་ཚལ་འདེབས་འཛུགས་ལག་རྩལ་དང་། ནུས་ཕྱོད་ཆེ་བའི་ལུག་གསོ་ཚགས་ལག་རྩལ། ནས་ཀྱི་སོག་མ་ཨེམ་འགྱུར་ལག་རྩལ་སོགས་ཀྱི་ལག་རྩལ་གསོ་སྦྱོང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།