དབུ་ཤོག>ཞིང་འབྲོག་གསར་པ།>དམངས་ཕན་སྲིད་ཇུས།
  • དམངས་ཕན་ཞབས་ཞུའི་བྱེད་སྒོ་མང་ཚོགས་ཀྱི་སྒོ་རྩར་སྤེལ་བ།

    རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་དུ“སྐོར་སྐྱོད་ཞབས་ཞུའི་སྟེགས་བུ”བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-11-08

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་ཇི་ལྟར་བྱེད་པ་དང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་ལས་དོན་དང་དང་བླངས་ཞབས་ཞུའི་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་ཇི་ལྟར་གཏོང་བ། དྲིལ་བསྒྲགས་དང་། སློབ་གསོ། སྣེ་ཁྲིད། ཞབས་ཞུ་བཅས་ཀྱི“མཐའ་མའི་འགག་གནད”ཇི་ལྟར་ཤར་གཏོང་བྱེད་པ་བཅས་ལ་རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་སུའོ་ལ“ཐབས་མཆོག”ཡོད་པ་སྟེ“སྐོར་སྐྱོད་ཞབས་ཞུའི་སྟེགས་བུ”བཙུགས་པ་རེད།

    “དགོངས་གཞི་ཡག་པོ”དོན་གཉེར་བྱས་ཤིང་། “སྐོར་སྐྱོད་ཞབས་ཞུའི་སྟེགས་བུ”ནི་དྲིལ་བསྒྲགས་ཀྱི་གཞི་རྟེན་གསར་པ་ཞིག་དང་། རིགས་པའི་གཞུང་ལུགས་དྲིལ་བསྒྲགས་དང་། མང་ཚོགས་ལ་ཞབས་འདེགས། ཐུན་མོང་ཐོག་སྐུལ་འདེད་དང་སློབ་སྦྱོང་། གཞི་རིམ་བཅོས་སྐྱོང་བཅས་ཀྱི་ལས་སྟེགས་གསར་པ་ཞིག་ཡིན་པས། དེས་གཙོ་བོ་གྲོང་ཚོར་གཟུགས་བརྙན(སྟོད་ཀོར་དམར་པོ་གྱོན་པ)མངོན་པ་དང་། མཚོན་རྟགས(དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་LOGO)བཏོན་པ། སྐོར་སྐྱོད་ཞབས་ཞུའི་ས་ཚིགས་བཙུགས་པ་བཅས་ཀྱི་བྱེད་ཐབས་བརྒྱུད་མང་ཚོགས་དང་ཉེ་བཅར་དང་མང་ཚོགས་ཤེས་རྟོགས་བྱས་པ་དང་། སྡེ་ཚན་ཁག་གི་ལས་བྱེད་པ་གཤམ་སྐྱོད་དམ་ཆེད་དུ་མངགས་ནས་གྲོང་ཚོར་ཞབས་འདེགས་ཞུ་ཐབས་ལ་བརྟེན་ནས། མང་ཚོགས་ལ་ཞབས་འདེགས་གནད་སྨིན་ཅན་དང་། རིགས་པའི་གཞུང་ལུགས་སྒྲོག་འགྲེལ་སྤྱི་དམངས་ཅན། གོམས་སྲོལ་སྒྱུར་རྒྱུ་རྒྱུན་རྣམ་ཅན། སློབ་སྦྱོང་སྤེལ་རེས་ཤར་གཏོང་ཅན། ལག་ལེན་བྱེད་སྒོ་ཚན་རིག་ཅན། ཐོན་ཁུངས་བསྡུ་སྒྲིལ་ལུགས་མཐུན་ཅན་བཅས་ལ་སྐུལ་འདེད་བཏང་སྟེ། “ཚང་མ་སྒྲོག་འགྲེལ་པ་དང་བརྒྱུད་བསྒྲགས་པ”ཞིག་ཡིན་པའི་སྒྲོག་འགྲེལ་གྱི་རྣམ་པ་ཟབ་མོ་ཞིག་རིམ་གྱིས་ཆགས་ཡོད།

    གོང་མཐུད་འོག་འདྲེན་བྱས་ཤིང་། “སྐོར་སྐྱོད་ཞབས་ཞུའི་སྟེགས་བུ”ནི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་དགོས་མཁོ་ཞིག་དང་། ཏང་གི་གསུང་སྒྲ་བརྒྱུད་སྤེལ་བྱེད་པའི“གསེར་གྱི་མགྲིན་པ”ལྟ་བུ་ཞིག མང་ཚོགས་ཀྱི་བདེ་སྡུག་བརྒྱུད་བསྒྲགས་བྱེད་པའི“སྐད་དུང”ལྟ་བུ་ཞིག་བཅས་རེད། གྲོང་རྡལ་ནང་ཁུལ་གྱི་ལས་སྒོ་ཁག་དང་སྡེ་ཚན་ཁག་གིས་ལས་ཀའི་བླང་བྱ་གཞིར་བཟུང་བ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལས་སྒོའི་ལས་དོན་སྤེལ་བ་དང་དུས་མཚུངས“སྐོར་སྐྱོད་ཞབས་ཞུའི་སྟེགས་བུ”སྤྱད་དེ་རང་འགུལ་ངང་མང་ཚོགས་ཁྲོད་བསྐྱོད་ནས། གྲོགས་པོ་རྙིང་པས་ཚོགས་འདུའི་ཚབ་བྱེད་པ་དང་འདྲ་མཉམ་རྣམ་པས་གོང་འོག་རྣམ་པའི་ཚབ་བྱས་ཏེ། ལས་བྱེད་པ་དང་མང་ཚོགས་དབར་གྱི་བར་ཐག་ཉེ་རུ་བཏང་བ་དང་། བརྟག་ཞིབ་དང་། རིགས་པའི་གཞུང་ལུགས་སྒྲོག་འགྲེལ། དམངས་ཕན་སྲིད་ཇུས་དྲིལ་བསྒྲགས། རེ་འདུན་བསྡུ་རུབ། འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་སོགས་ཀྱི་ལས་དོན་ཁག་སྔར་བས་ཡག་པོ་བསྒྲུབས་པ་རེད།

    བསམ་ཕྱོགས་བསྒྱུར་ཞིང་། “སྐོར་སྐྱོད་ཞབས་ཞུའི་སྟེགས་བུ”ནི་རིགས་དབྱེ་ཞབས་ཞུའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན། ཤང་དང་གྲོང་རྡལ་གྱི་ལས་བྱེད་པ་སྐོར་སྐྱོད་མྱུར་བ་དང་། ལས་འབོར་ཆེ་བ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱིས་སྒྲིག་འཛུགས་བྱས་པའི“གནས་དང་གནས”ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་ཅུང་ཉུང་བ་སོགས་ཀྱི་ད་ལྟའི་གནས་ཚུལ་ལ་དམིགས་ནས“མངགས་ཐོ་རྒྱོང་བ་དང་། མངགས་ཐོ་སྐྱེལ་བ། མངགས་ཐོ་ལེན་པ། མངགས་ཐོར་ཞིབ་བསྡུར”བཅས་ཀྱི་དང་བླངས་ཞབས་ཞུའི་རྣམ་པ་དང་ཟུང་འབྲེལ་བྱས་ཏེ། དང་བླངས་ཞབས་ཞུའི་བྱེད་སྒོ་ཆེ་གྲས་དཔུང་ཁག་ཆུང་ཆུང་ལ་བགོས་ནས་སྤེལ་བ་དང་ཕྱོགས་བསྡུས་རང་བཞིན་གྱི་དང་བླངས་ཞབས་འདེགས་དེ་གནད་སྨིན་ཞབས་འདེགས་ལ་བསྒྱུར་ཏེ་མང་ཚོགས་དང་འབྲེལ་འདྲིས་དེ་བས་ཡག་པོ་བྱས་ནས་ཁོང་ཚོར་རོགས་རམ་བྱས་པ་རེད།

    བརྗོད་དོན་གཙོ་བོ་དང་མཐུན་པར་བྱས་ཤིང་། “སྐོར་སྐྱོད་ཞབས་ཞུའི་སྟེགས་བུ”ནི་རེ་འདུན་བསྡུ་རུབ་དང་གནད་དོན་ཐག་གཅོད་བྱེད་པའི་ཆེས་མདུན་གྲལ་ཡིན་པས་གཞན་སྐུལ་ནས་རང་འགུལ་གྱིས་ཞབས་འདེགས་ཞུ་དགོས། མིག་སྔར་དང་བླངས་པའི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་སེམས་འཕེལ་བ་དང་། དམངས་ལ་བྱ་བ་དངོས་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་བ། མང་ཚོགས་བློ་ཡིད་ཚིམ་ཚད་ཆེ་རུ་གཏོང་བ། གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པ། གཞི་རིམ་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་ཐད་ཕན་འབྲས་རགས་ཙམ་ཐོན་ཡོད། ཞབས་ཞུའི་སྟེགས་བུ་བརྒྱུད་འགྲོ་བ་དགོན་གྲོང་རྡལ་གྱིས་མང་ཚོགས་ཀྱི་རེ་འདུན་ཁག་5བསྡུ་རུབ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།