དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ནག་ཆུས“གྲོང་གསེབ་དར་རྒྱས་ཀྱི་འབྲི་གཡག་ཐོན་ལས་ལ་དངུལ་བུན”བཏང་སྟེ།

    དངུལ་རྩའི་རྒྱབ་སྐྱོར་ལ་བརྟེན་ནས་གསོ་ཚགས་དུད་ཚང་གི་མ་དངུལ་གྱི་དཀའ་ངལ་བསལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-31

    དངུལ་རྩས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་སྟེ་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད། མི་དམངས་དངུལ་ཁང་ནག་ཆུ་ཡན་ལག་དངུལ་ཁང་གིས་ཞིང་ལས་དངུལ་ཁང་ནག་ཆུ་ཡན་ལག་དངུལ་ཁང་ལ་མཛུབ་ཁྲིད་བྱས་ནས་ནག་ཆུའི་འབྲི་གཡག་ཁྱད་ལྡན་ཐོན་ལས་ལ་དམིགས་ཏེ“གྲོང་གསེབ་དར་རྒྱས་དང་འབྲི་གཡག་ཐོན་ལས་ལ་དངུལ་བུན”བཏང་བ་རེད། ཉེ་ཆར། ཞིང་ལས་དངུལ་ཁང་ནག་ཆུ་ཡན་ལག་དངུལ་ཁང་གིས་དཔལ་མགོན་རྫོང་ཤེ་སྒེར་ཤང་འཁོར་ཕྱུག་གྲོང་ཚོའི་དབུལ་སྐྱོར་མཉམ་ལས་ཁང་ལ་འགྱུར་དངོས་མ་དངུལ་བསྡུ་སྒྲིལ་གྱི“ཕྱུགས་རིགས་གསོན་པོ་གཏའ་མར་འཇོག་པའི་དངུལ་བུན”སྒོར་ཁྲི་300བཏང་བ་རེད།

    “གྲོང་གསེབ་དར་རྒྱས་ཀྱི་འབྲི་གཡག་ཐོན་ལས་ལ་དངུལ་བུན་གཡར་བའི”ལས་སྒོ་ནི་ཞིང་ལས་དངུལ་ཁང་ནག་ཆུ་ཡན་ལག་དངུལ་ཁང་གིས་གཏའ་མ་བཞག་ནས་ཁག་ཐེག་བྱེད་སྟངས་གསར་གཏོད་བྱས་པ་བརྒྱུད། ཀྲུང་གོ་མི་དམངས་དངུལ་ཁང་ཡིད་རྟོན་བློ་འདྲི་ལྟེ་གནས་ཀྱི“འགྱུར་དངོས་མ་དངུལ་བསྡུ་སྒྲིལ་གྱི་གཅིག་གྱུར་ཐོ་འགོད་ཡོངས་བསྒྲགས་མ་ལག”ལ་བརྟེན་ནས་གཏའ་མ་ཐོ་འགོད་བྱས་ཏེ་ཕྱུགས་རིགས་གསོན་པོ་གཏའ་མར་འཇོག་པའི་ཐོ་འགོད་དང་ཡོངས་བསྒྲགས་བྱས་ནས་འབྲི་གཡག་གསོ་ཚགས་ཁེ་ལས་དང་། ཞིང་པའི་ཆེད་ལས་མཉམ་ལས་ཁང་། ཁྱིམ་ཚང་ཞིང་ར། ཞིང་དུད་སོགས་གཉེར་སྐྱོང་བྱེད་པོར་དངུལ་བུན་བཏང་སྟེ་དངུལ་བུན་གཡར་མཁན་གྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་རིང་གི་ལུགས་མཐུན་གྱི་མ་དངུལ་དགོས་མཁོ་བསྐང་ཆེད་རེད། མིག་སྔའི་བར“གྲོང་གསེབ་དར་རྒྱས་ཀྱི་འབྲི་གཡག་ཐོན་ལས་ལ་དངུལ་བུན”རིམ་རྩིས་བྱས་ན་ཐེངས་5བཏང་བར་དངུལ་འབོར་སྒོར་ཁྲི་1600ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།