དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • བསམ་གྲུབ་རྩེ་ཆུས་རྒྱ་མཚོ་གཞུང་ཤང་གིས་ཞིང་ལས་འཕྲུལ་ཆས་རྙིང་པ་གསར་བརྗེས་ཀྱི་ཁ་གསབ་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-15

     ཞིང་ལས་འཕྲུལ་ཆས་རྙིང་དོར་གསར་སྒྱུར་བྱེད་པར་སྐུལ་འདེད་བཏང་ནས་ཞིང་ལས་འཕྲུལ་ཆས་སྒྲིག་ཆས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ་དང་། “ཞིང་པ་རང་མོས་དང་། རྒྱལ་ཁབ་ཀྱིས་རོགས་སྐྱོར། སྟབས་བདེ་ཞིང་ནུས་ཕྱོད་ཆེ་བ། གསར་སྒྱུར་ལ་སྐུལ་འདེད”བཅས་ཀྱི་རྩ་དོན་གཞིར་བཟུང་། ཉེ་ཆར་བསམ་གྲུབ་རྩེ་ཆུས་རྒྱ་མཚོ་གཞུང་ཤང་གིས་ལྷད་ལྔ་གྲོང་ཚོར་ཞིང་ལས་འཕྲུལ་ཆས་རྙིང་པ་གསར་བརྗེས་ཀྱི་ཁ་གསབ་ཚོད་ལྟའི་ལས་དོན་སྤེལ་བ་ལས་རྒྱ་མཚོ་གཞུང་ཤང་གིས་ཞིང་ལས་འཕྲུལ་ཆས་རྙིང་པ་གསར་བརྗེས་ཀྱི་ཁ་གསབ་ཚོད་ལྟའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་མཚོན་ཡོད།

    ཉེ་ཆར། བསམ་གྲུབ་རྩེ་ཆུས་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཀྱི་ལས་དོན་པས་སྐད་འཕྲིན་ཚོགས་པ་དང་། རྒྱང་བསྒྲགས། དུད་ཚང་དུ་བསྐྱོད་པ་སོགས་ཀྱི་བྱ་ཐབས་སྤྱད་ནས་ཞིང་ལས་འཕྲུལ་ཆས་རྙིང་པ་གསར་བརྗེས་ཀྱི་ཁ་གསབ་སྲིད་ཇུས་དང་། རྙིང་པ་བེད་མེད་དུ་གཏོང་བའི་ཆ་རྐྱེན་དང་ཁ་གསབ་ཚད་གཞི་སོགས་དྲིལ་བསྒྲགས་བྱས་ནས་ཞིང་ལས་འཕྲུལ་ཆས་ཀྱི་བདག་པོས་ཞིང་ལས་འཕྲུལ་ཆས་རྙིང་པ་གསར་བརྗེས་བྱས་པ་ལས་བྱུང་བའི་དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་དངོས་འབྲེལ་ཚོར་ཐུབ་པར་བྱས་ཏེ། ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་ལས་ཞིང་པ་མང་ཚོགས་ལ་ཕན་པ་དངོས་ཐོབ་པར་བྱས་པ་རེད།

    བསམ་གྲུབ་རྩེ་ཆུས་རྒྱ་མཚོ་གཞུང་ཤང་གི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་རྒྱ་མཚོ་གཞུང་ཤང་གིས་ཞབས་ཞུའི་འདུ་ཤེས་ཟབ་ཏུ་བཏང་ནས་སྲིད་འཛིན་གྲོང་ཚོ་གཞན་དག་ལ་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་དེང་རབས་ཀྱི་ཞིང་ལས་འཕྲུལ་ཆས་བདེ་འཇགས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། ཞིང་ཕན་དམངས་ཕན་གྱི་སྲིད་ཇུས་ལས་ཞིང་ལས་འཕྲུལ་ཆས་ཞབས་ཞུའི་རྩ་འཛུགས་དང་ཞིང་ལས་འཕྲུལ་ཆས་དུད་ཚང་དེ་བས་མང་བར་ཕན་པ་ཐོབ་པ་བྱེད་ཀྱི་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།