དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • ཆབ་མདོ་གྲོང་ཁྱེར་འགོ་འཇོ་རྫོང་གིས།

    ཨ་དབང་ལུག་གི་ཐོན་ལས་འཁོར་འབྲེལ་མུ་མཐུད་སྣུར་སྲིང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-01

    ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་འགོ་འཇོ་རྫོང་གིས་ཨ་དབང་ལུག་གི་ཐོན་ཁུངས་རང་སྤུས་དང་ཐོན་ལས་ཀྱི་ལེགས་ཆར་བརྟེན་ནས་ཡུལ་བབ་དང་བསྟུན་པ་དང་འཚོལ་ཞིབ་ཧུར་ཐག་བྱས་ཁར། “ཀུང་སི+རྟེན་གཞི+མཉམ་ལས་ཁང+ཞིང་དུད”བཅས་ཀྱི་གཉེར་སྐྱོང་རྣམ་པ་བརྒྱུད། སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་2.44བཏང་ནས“གསོ་སྦྱོང་དང་། ཚན་ཞིབ། རྒྱུད་གསོ། རྒྱུད་སྤེལ། ལས་སྣོན། ཟོག་འགྲེམས། གྲང་ཕྲེང་། ཕྱིར་འཚོང”བཅས་གཞི་གཅིག་ཏུ་བསྡུས་པའི་ཨ་དབང་ལུག་གི་ཐོན་ལས་འཁོར་འབྲེལ་རིམ་བཞིན་ཆགས་ཏེ། འགོ་འཇོ་རྫོང་གི་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་མགྱོགས་སུ་བཏང་བ་མ་ཟད། གྲོང་གསེབ་དར་རྒྱས་ལས་དོན་ལའང་སྒུལ་ཤུགས་ཀྱང་བསྣན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། འགོ་འཇོ་རྫོང་གི་བོད་ཤར་སྐྱེ་དངོས་ཚན་རྩལ་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིས་ཨ་དབང་ལུག་གི་རྒྱུད་སྤེལ་རྟེན་གཞི་དང་། གཟན་ཆག་ལས་སྣོན་བཟོ་གྲྭ སྐྱེས་ལྡན་ལུད་ལས་སྣོན་བཟོ་གྲྭ བཤས་གཏོང་དུམ་གཅོད་ཐུམ་སྒྲིལ་བཟོ་གྲྭ གྲང་ཕྲེང་ཟོག་འགྲེམས་གསོག་འཇོག་མཛོད་སོགས་ཀྱི་རྣམ་གྲངས་སྔ་རྗེས་སུ་བསྐྲུན་ཡོད། དུས་བསྟུན་བཟང་ཁྲིད་བྱས་ཏེ《འགོ་འཇོ་རྫོང་གི་ཨ་དབང་ལུག་གསོ་ཚགས་རོགས་སྐྱོར་སྲིད་ཇུས་ཀྱི་ལག་བསྟར་བྱ་ཐབས》བཟོས་ནས་བཏོན་ཏེ། མང་ཚོགས་རྣམས་ཨ་དབང་ལུག་གི་ཐོན་ལས་འཕེལ་རྒྱས་ནང་ཞུགས་པར་ལྕག་སྐུལ་བྱས་ཡོད།

    གོམ་སྟབས་རྗེས་མར། འགོ་འཇོ་རྫོང་གིས“ཞིང་ལས་འཚམ་ན་ཞིང་ལས་དང་། ནགས་ལས་འཚམ་ན་ནགས་ལས། འབྲོག་ལས་འཚམ་ན་འབྲོག་ལས། ཡུལ་སྐོར་འཚམ་ན་ཡུལ་སྐོར”བཅས་ཀྱི་འཕེལ་རྒྱས་བསམ་ཕྱོགས་མཐའ་འཁྱོངས་བྱས་ཏེ། ཁྱད་ལྡན་ཐོན་ཁུངས་སྣ་ཚོགས་བསྡུ་སྒྲིལ་ཧུར་ཐག་དང་ཐོན་ལས་དབུལ་སྐྱོར་གྱི་བྱ་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས་རྫོང་གི་གནས་ཚུལ་དང་། ཤང་གི་གནས་ཚུལ། དམངས་ཀྱི་འདུན་པ་བཅས་དང་འཚམ་པའི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།