དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • གྲོང་གསེབ་ཀྱི་ཕྱོགས་གང་སར་འགྱུར་ལྡོག་ཆེན་པོ་བྱུང་བ།

    ——ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་བན་དཀར་ཤང་གིས་གྲོང་ཁྱེར་དང་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-25

    སྔོན་ཆད་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་བན་དཀར་ཤང་ནི་སྐད་གྲགས་ཆོད་པའི“འདམ་རྫབ་ཤང”ཞིག་ཡིན་པ་དང་། ཚོང་ལས་དར་བའི་རྣམ་པ་ཕྲན་བུ་ཙམ་ཡང་མེད། ད་ཆ་བན་དཀར་ཤང་དེ་ཐག་རིང་ལུང་ཁུག་གི“འདམ་རྫབ་ཤང”ནས“ལྗོངས་ཡོངས་ཀྱི་རྒྱལ་གཅེས་འཕྲོད་བསྟེན་གསར་གཏོད་དཔེ་སྟོན་ཤང་གྲོང”དུ་གྱུར་ཡོད།

    བན་དཀར་ཤང་དུ་སྐྱོད་སྐབས་སྔོན་ཆད་ཀྱི་ས་ཕག་གི་ཁང་པ་དང་ཁང་པ་ཐོག་གཅིག་མ་རྣམས་ད་ཆའི་ཐོག་བརྩེགས་ཅན་གྱི་ཁང་བཟང་དང་ཚོང་ལས་ཐོག་ཁང་དུ་གྱུར་པ་དང་། སྔོན་ཆད་ཀྱི་ས་རྡོའི་ལམ་ད་ཆ་སྣུམ་ནག་ལམ་དུ་གྱུར་ནས“ཆར་པ་འབབ་སྐབས་རྐང་པ་འདམ་རྫབ་ནང་དིམ་པ་དང་གནམ་དྭངས་དུས་ལུས་ལ་ཐལ་རྡུལ་གྱིས་ཁེངས་པའི”སྣང་ཚུལ་མཇུག་འགྲིལ་བ། སྔོན་ཆད་གློག་བརྟན་པོ་མེད་པ་ནས་ད་ཆ་བོད་དབུས་གློག་དྲ་དང་སྦྲེལ་མཐུད་ཐུབ་སྟེ། ལམ་སྒྲོན་བསྒར་ཡོད་པས་མཚན་མོར་གློག་འོད་ཆེམ་ཆེམ་འཕྲོ་ནས་ཉིན་མོ་བཞིན་གསལ་ཐིང་ཐིང་ཡིན་པ་ལ་སོགས་ལས་དར་ཞིང་རྒྱས་པའི་རྣམ་པ་ཞིག་མངོན་པ། སྔོན་ཆད་འཕྲིན་གཏོང་བརྡ་རྟགས་ཞན་པ་དང་དྲ་རྒྱ་ཤར་གཏོང་ཐུབ་མེད་པ་དང་ད་ཆ་ཚོང་ཁང་དང་གྲོང་མིའི་ཁྱིམ་དུ་སྐུད་མེད་དྲ་བ་སྤྱོད་བཞིན་ཡོད། དུས་གཏན་རླངས་འཁོར་གྲོང་ཚོ་བར་ཤར་གཏོང་ཐུབ་ཡོད་པས་མང་ཚོགས་ཀྱིས་སྒོ་འགྲམ་ནས་འགྲུལ་སྐྱེལ་རླངས་འཁོར་ལ་བསྡད་ཆོག

    དེ་ཙམ་གྱིས་མ་ཚད་བན་དཀར་ཤང་གི་ཚོང་གཉེར་ཁོར་ཡུག་ཀྱང་ལེགས་སུ་ཕྱིན་ནས་སྔོན་ཆད་ཚོང་ལས་ཀྱི་རྣམ་པ་སྤུ་ཙམ་ཡང་མེད་པ་ནས་ད་ཆ་ཁེར་རྐྱང་བཟོ་ཚོང་དུད་ཚང་300ཙམ་བར་མང་དུ་ཕྱིན་པ་དང་། སྔོན་ཆད་བན་དཀར་ཤང་དུ་ཙག་ཙིག་ཚོང་ཁང་ཁ་ཤས་ལས་མེད་པ་ནས་ད་ཆ་སྒོ་རྩིས་ཚོང་ཁང་ཆེ་ཆུང་30ཙམ་བར་མང་དུ་ཕྱིན་ཡོད། སྔོན་ཆད་ཐར་ཐོར་དུ་གནས་པའི་སྔོ་ཚལ་ཚོང་ཁང་ནས་ད་ཆ་ཁང་གླ་ལེན་མཁན་100%ཟིན་པའི་ཞིང་ཟོག་ཁྲོམ་ར་བར་དང་། སྔོན་ཆད་ཞིང་འབྲོག་མང་ཚོགས་ཀྱིས་གྱོན་ཆས་ཉོ་བར་རྫོང་གྲོང་དུ་སྐྱོད་དགོས་པ་ནས་ད་ཆ་ཤང་ནང་དུ་དར་བཟོ་ཆེ་བའི་གྱོན་ཆས་དང་ཞྭ་ལྷམ་ཉོ་ཐུབ་པའི་བར། སྔོན་ཆད་འགྲུལ་ཁང་ཐབས་ཆག་ནས་ད་ཆ་གསོལ་མགྲོན་ཁང་10ཙམ་མང་དུ་ཕྱིན་པའི་བར། སྔོན་ཆད་ཤང་དུ་བོད་ཟས་ཟ་ཁང་ཁ་ཤས་ལས་མེད་པ་ནས་ད་ཆ་ཟ་ཁང་སྣ་ཚོགས་50ལྷག་ཙམ་མང་དུ་ཕྱིན་ཡོད་པས་མང་ཚོགས་ཚོས་ཤང་དུ་སི་ཁྲོན་གྱི་རོ་བཅུད་ལྡན་པའི་ཚལ་རིགས་སྣ་ཚོགས་ལོངས་སུ་སྤྱོད་རྒྱུ་ཡོད་པས་ས་གནས་ཁག་གི་ཡུལ་སྐོར་བའི་ཟས་གོས་ཀྱི་དགོས་མཁོ་སྤྱིར་ན་སྐོང་ཐུབ་ཀྱི་ཡོད། ད་ཆ་བན་དཀར་ཤང་དེ་ནག་ཆུ་གྲོང་ཁྱེར་གྱི་ཚོང་ཟོག་དར་བའི་ཤང་གྲོང་དུ་གྱུར་ནས་ཁོངས་གཏོགས་ཁུལ་དུ་བོད་རིགས་དང་། རྒྱ་རིགས། ཧུའེ་རིགས། ཐུའུ་ཅ་རིགས་སོགས་མི་རིགས་ཁག་གི་མང་ཚོགས་རྣམས་ཕན་ཚུན་རོགས་རམ་དང་དགའ་སྤྲོ་འཆམ་མཐུན་གྱི་འཚོ་བ་མཉམ་དུ་སྐྱེལ་བཞིན་ཡོད།

    དུས་ཡུན་རིང་པོའི་ནང་བན་དཀར་ཤང་གིས་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཀྱི་རྣམ་པ་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས། རྒྱལ་ཁབ་ས་ཆའི་བར་མཐོངས་ལ་གཞིགས་ནས་འཆར་འགོད་བཟོས་ཏེ། རྨང་གཞིའི་སྒྲིག་བཀོད་དང་། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཐབ་ཇུས་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། ཡུལ་བབ་དང་བསྟུན་ནས་སྤྱི་ཡོངས་ལ་འཆར་འགོད་བྱེད་པ། གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ་སྐྱེ་ཁམས་སྡོད་མལ་ལ་འཚམ་པ་དང་། ཡུལ་སྲོལ་ཡ་རབས་ལྡན་པ། བཅོས་སྐྱོང་ནུས་པ་ལྡན་པ། འཚོ་བ་འབྱོར་ཞིང་ཕྱུག་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཧུར་ཐག་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།