སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་སྒང་པ་གྲོང་ཚོས་སྐྱེ་ཁམས་ལ་བརྟེན་ནས་བདེ་སྡོད་ཕྱུག་འགྱུར་ཡོང་བར་བྱེད་པ།
གུར་གྱི་སྒར་ས་ནས་མང་ཚོགས་ལ་འབབ་འཕར་བྱུང་བ།
སྔོ་སངས་ཀྱི་ནམ་མཁར་སྤྲིན་དཀར་ཚོམ་བུས་བརྒྱན་པ་དང་། མཁའ་རླུང་གཙང་ཞིང་བསིལ་བསིལ་གྱི་རླུང་བུ་ལྡང་བ། མུ་མེད་རྩྭ་ཐང་དུ་མེ་ཏོག་སྣ་ཚོགས་གཅིག་ལ་གཅིག་འགྲན་ལྟར་བཞད་པ། ཚང་ཚིང་གཡུ་ལོ་ཐགས་སུ་བཀྲ་བའི་ནགས་གསེབ་ན་གནའ་བོའི་ལྗོན་ཤིང་གིས་ཁེངས་ཡོད། སྐར་ཚོགས་ས་ལ་འཕོས་འདྲའི་གུར་མང་པོ་ནས་སྐབས་སྐབས་སུ་གླུ་དབྱངས་སྙན་མོ་གྲགས་ཡོང་། ཡུལ་སྐོར་བ་འགའ་རེས་གུར་ནས་མཚན་དགུང་གི་སྐར་ཚོགས་ལ་ལྟ་བ་དང་ལ་ལས་ཀོག་ཧྥེ་འཐུང་བཞིན་ཡོད། སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་སྒང་པ་གྲོང་ཚོའི་ཞི་བདེ་གླིང་ཁའི་གུར་གྱི་སྒར་སར་མི་ཚོགས་ཀྱིས་ཁེངས།
གྲོང་གསེབ་དར་རྒྱས་ཀྱི་ལས་དོན་སྤེལ་བ་ནས་བཟུང་ཁྲབ་རྨོག་གྲོང་རྡལ་སྒང་པ་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་གྲོང་ཚོའི་མཉམ་སྡེབ་ཐོན་ལས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གྱིས་བརྟག་དཔྱད་ཞིབ་འཇུག་དང་མང་གྲོས་བློ་བསྡུ་བྱས་ཏེ། གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་གསར་པ་འཚོལ་ཞིབ་ནན་ཏན་བྱས་ཡོད། སྟེང་ཀ་དང་སྨན་གྲོང་གི་རང་བྱུང་གྲོང་ཚོ་གཉིས་སུ་ཞི་བདེ་གླིང་ཁའི་གུར་གྱི་སྒར་ས་བསྐྲུན་ནས་ས་མཐོའི་གུར་གྱི་སྒར་སའི་སྤུས་རྟགས་བཏོད་དེ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་འཕེལ་རྒྱས་གཏོང་སྟངས་གསར་པ་འཚོལ་ཞིབ་བྱས་ཡོད།
ཁྲབ་རྨོག་གྲོང་རྡལ་སྒང་པ་གྲོང་ཚོའི་ཞི་བདེ་གླིང་ཁའི་གུར་གྱི་སྒར་ས་ཡིས་ཏང་འཛུགས་སྐྱོང་གཅིག་འདོམས་སུ་བྱས་ཏེ། “ཏང་འཛུགས་སྐྱོང་དང་མང་ཚོགས་ཟུང་དུ་འབྲེལ་བའི”“ལྗང་མདོག་ཞིང་ལས”འཕེལ་རྒྱས་དང་ཕྱུག་འགྱུར་བྱེད་སྟངས་གཞིར་བཟུང་། “ཀྲི་པུའུ་དང་། དུད་སྦྲེལ། མང་ཚོགས་བཅས་ཟུང་དུ་འབྲེལ་བའི”དོ་དམ་བྱེད་སྟངས་སྤྱད་དེ་གུར་གྱི་སྒར་ས་གཉེར་སྐྱོང་ནུས་ལྡན་ཡོང་བར་བྱས་ཡོད། དེ་དང་དུས་མཚུངས་ཏང་རྩ་འཛུགས་ཀྱི་ཞབས་འདེགས་ཞུ་ནུས་ཆེ་རུ་གཏོང་བ་དང་། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ཧུར་ཐག་བྱེད་པ། ཏང་ཡོན་གྱི་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་དང་མང་ཚོགས་ཀྱི་བྱེད་པོའི་ནུས་པ་གང་ལེགས་འདོན་པ། གྲོང་ཚོའི་ནང་གི་ཕྱུག་འགྱུར་འཇོན་ཐང་ཅན་ཧུར་ཐག་ཞུགས་རྒྱུར་ལྕག་སྐུལ་བྱེད་པ། ཐོན་ལས་ལ་ཞོར་དུ་ནུས་པ་ཐོན་པ་བཅས་བྱས་ཏེ། མང་ཚོགས་དང་གྲོང་ཚོའི་མཉམ་སྡེབ་སེམས་པ་གཅིག་ཏུ་སྦྲེལ་བ་དང་། འགན་མཉམ་དུ་འཁུར་བ། མཉམ་དུ་ཁེ་བཟང་ལེན་པ་བཅས་ཀྱི་འཕེལ་རྒྱས་ཀྱི་གཅིག་མཐུན་འདུས་གྲུབ་ཅིག་བཙུགས་ཡོད།
སྒང་པ་གྲོང་ཚོས་ཐུན་མོང་མ་ཡིན་པའི་རང་བྱུང་གི་ལེགས་ཆ་དང་སྐྱེ་ཁམས་ལ་བརྟེན་ནས་བདེ་སྡོད་དང་ཕྱུག་འགྱུར་ཡོང་བར་བྱས་ཡོད། གྲོང་མིས་སྒོར་ཁྲི་23རང་གྲབས་བྱས་ནས་གླིང་ཁའི་གུར་གྱི་སྒར་ས་བསྐྲུན་པའི་རྒྱ་ཁྱོན་ལ་མུའུ་15.7ཟིན་པ་དང་། གུར་16ཕུབ་པ། དྲ་ཐོག་མིང་ཅན་གྱི་ཟམ་པ་གསུམ་བསྐྲུན་ཡོད། དེ་དང་དུས་མཚུངས་གླིང་ཁ་གཏོང་སར་ཆུ་འཐག་དང་། ཀོང་པོའི་བི་ཤུ། མེ་ཕུང་དགོང་ཚོགས། ཉ་ཕྲུག་ལ་ལྟོ་སྟེར་ས། གྲུ་ཆུང་་གཏོང་བ། རང་འདེམས་བསྲེགས་ཟས་སོགས་ཁྱད་ལྡན་གྱི་ཉམས་ལེན་བྱེད་སྒོ་བཀོད་སྒྲིག་བྱས་པའི་ཁར། མི་རིགས་ཀྱི་ཁྱད་ལྡན་གྱི་སྒར་འདེབས་སྒྲིག་ཆས་དང་ཡིད་འོང་ལྟ་ན་སྡུག་པའི་རང་བྱུང་ཁོར་ཡུག་ཟུང་དུ་འབྲེལ་བས་ཡུལ་སྐོར་བ་མང་པོ་དེ་གར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད། འདི་ལོའི་དུས་ཚིགས་གཉིས་པར་གླིང་ཁའི་གུར་གྱི་སྒར་སར་ཚོང་གཉེར་ཡོང་འབབ་སྒོར་ཁྲི་28བྱུང་བ་དང་ཁེ་བཟང་སྒོར་ཁྲི་15.8བྱུང་ནས་མང་ཚོགས་མི་ཐེངས་300ལྷག་ཙམ་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ཡོད།