དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • “ཞིང་གསུམ”གྱི་ལས་དོན་ལ་རྩེ་གཅིག་ཏུ་གཞོལ་བ།

    ​ཞིང་ལས་དངུལ་ཁང་ཉིང་ཁྲི་ཡན་ལག་དངུལ་ཁང་གིས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-18

    “ཞིང་གསུམ”ལ་ཞབས་འདེགས་ཞུ་བ་ནི་ཏང་ཀྲུང་དབྱང་གིས་ཞིང་ལས་དངུལ་ཁང་ལ་སྤྲད་པའི་ལོ་རྒྱུས་ཀྱི་ལས་འགན་དང་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཡིན་ལ། ཞིང་ལས་དངུལ་ཁང་གི་སྲོག་རྩ་དང་། འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་རྨང་གཞི། འགྲན་རྩོད་ཀྱི་ལེགས་ཆའི་འབྱུང་ཁུངས་བཅས་ཀྱང་ཡིན། ལོ་མང་རིང་ཞིང་ལས་དངུལ་ཁང་ཉིང་ཁྲི་ཡན་ལག་དངུལ་ཁང་གི་ལས་བཟོ་500ལྷག་ཙམ་གྱིས“ཞིང་གསུམ”ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་དང་ལས་འགན་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་བཅངས་པ་དང་། “ཞིང་གསུམ”བྱ་གཞག་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུས་པས། ཞིང་འབྲེལ་དངུལ་བུན་ལྷག་གྲངས་ཐེངས་དང་པོར་སྒོར་དུང་ཕྱུར་50ལས་བརྒལ་བའི་འགོ་འཛུགས་ས་གསར་པའི་ཐོག་སླེབས་ཡོད། ཟླ་3ཚེས་20ཉིན་བར། དངུལ་ཁང་དེས་2023ལོར་རིམ་རྩིས་བྱས་ན་ཞིང་འབྲེལ་དངུལ་བུན་སྒོར་དུང་ཕྱུར་14.08བཏང་བ་དང་ལྷག་གྲངས་སྒོར་དུང་ཕྱུར་50.38ཟིན་ཡོད།

    རྒྱ་ཤིང་ཤང་གསུམ་མདོ་གྲོང་ཚོ་ནི་ས་བབ་མཐོ་ཚད་སྨི་5013ཟིན་པའི་བར་ལའི་འདབས་སུ་གནས་པ་དང་། ལྷ་ས་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་གྱི་འབྲེལ་མཚམས་སུ་གནས་ཡོད། གྲོང་ཚོ་དེའི་ཞིང་འབྲོག་མང་ཚོགས་ཚོས་གཙོ་བོ་ཚོང་གཉེར་དང་། འབྲི་གཡག་གསོ་ཚགས། དབྱར་རྩྭ་དགུན་འབུ་བཀོག་ནས་ཡོང་འབབ་གསོག་གི་ཡོད། ཡུན་རིང་ཚོང་གཉེར་ལས་ལ་འབད་པའི་གྲོང་མི་དབང་འདུས་ལ་འདི་ལོའི་ཟླ་3པར་ཡན་ལག་ཚོང་ཁང་བཙུགས་ནས་ཚོང་གཉེར་གཞི་ཁྱོན་ཆེ་རུ་གཏོང་རྒྱུའི་བསམ་བློ་འཁོར་བ་རེད།

    རྟོག་ཞིབ་བྱས་པ་བརྒྱུད་མ་དངུལ་སྒོར་ཁྲི་40ཙམ་འདང་གི་མེད་པས་དབང་འདུས་ཀྱི་ཡན་ལག་ཚོང་ཁང་འཛུགས་པར་དཀའ་ངལ་འཕྲད། དེ་རྗེས་དབང་འདུས་ཀྱིས་ཞིང་ལས་དངུལ་ཁང་གི“སྐར་གསུམ་ཕ་ལམ་གཱའི་དངུལ་བུན་ལག་ཁྱེར”ཁྱེར་ནས་ཞིང་ལས་དངུལ་ཁང་རྒྱ་ཤིང་ལས་གཉེར་ཁང་གི་ཀྲུའུ་རེན་འཚོལ་བར་སོང་། གནས་ཚུལ་ཤེས་རྟོགས་བྱུང་རྗེས་ལས་གཉེར་ཁང་གི་ཀྲུའུ་རེན་གྱིས་དེ་མ་ཉིད་དུ་ཞིང་ལས་དངུལ་ཁང་གི“ཚོང་དུད་eདངུལ་བུན”གཏོང་ཆོག་པ་དྲན་པ་རེད།

    དབང་འདུས་ཀྱི་ཡན་ལག་ཚོང་ཁང་གང་མགྱོགས་འཛུགས་ཐུབ་པ་བྱ་ཆེད། ལས་གཉེར་ཁང་གི་ལས་དོན་མི་སྣས་ལས་དུས་འཕར་མ་བྱས་ནས་ཉིན་གཉིས་ནང་དབང་འདུས་ལ“ཚོང་དུད་eདངུལ་བུན”སྒོར་ཁྲི་37བཏང་ནས་ཁོང་གི་ཁ་ཚ་དགོས་གཏུགས་ཀྱི་དཀའ་ངལ་བསལ་བ་རེད།

    དབང་འདུས་ཀྱི་གཏམ་རྒྱུད་ནི་ཞིང་ལས་དངུལ་ཁང་ཉིང་ཁྲི་ཡན་ལག་དངུལ་ཁང་གིས“ཞིང་གསུམ”ལ་ཞབས་འདེགས་ཞུས་པའི་བསྡུས་རིས་ཙམ་རེད། ལོ་མང་རིང་ཞིང་ལས་དངུལ་ཁང་ཉིང་ཁྲི་ཡན་ལག་དངུལ་ཁང་གིས་དངུལ་རྩས“ཞིང་གསུམ”ལ་ཞབས་འདེགས་ཞུ་བའི་རྒྱལ་ཁབ་རུ་ཁག་དང་གཙོ་ཤུགས་དམག་གི་དར་ཆ་མཐའ་གཅིག་ཏུ་བསྒྲེངས་ནས། “ཞིང་གསུམ”གྱི་ལས་དོན་ལ་རྩེ་གཅིག་ཏུ་གཞོལ་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུར་རམ་འདེགས་བྱེད་པ། ཞིང་ལས་སྟོབས་ཆེན་རྒྱལ་ཁབ་གཏོད་པའི་གྲལ་དུ་ཞུགས་པ་བཅས་བྱས་ནས། གཡོ་ཟོལ་སྤུ་ཙམ་མེད་པར་ཞིང་སྐྱོར་ལས་དོན་བསྒྲུབས་ཤིང་། “ཞིང་གསུམ”ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་དང་ལས་འགན་ལ་གཡོ་འགུལ་སྤུ་ཙམ་ཡང་ཐེབས་མྱོང་མེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།