དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • ཆབ་མདོ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་ཀྱི་རྩལ་ནུས་འཇོན་ཐང་ཆེ་རུ་བཏང་ནས་ཕྱུག་འགྱུར་ལམ་བུ་རྒྱ་ཆེར་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-18

    ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྲོམ་རའི་ལས་མི་སྤྱོད་པའི་དགོས་མཁོ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཞིང་འབྲོག་པའི་བུད་མེད་ཀྱི་ལས་ཞུགས་བསམ་འདུན་ཤེས་རྟོགས་བྱས་ཏེ། ལག་ལེན་གྱི་སློབ་ཁྲིད་གཙོ་བོར་བྱེད་པ་དང་རིགས་པའི་གཞུང་ལུགས་ཀྱི་སློབ་ཁྲིད་ཕལ་པར་བྱེད་པའི་གསོ་སྦྱོང་བྱེད་སྟངས་སྤྱད་དེ། ཁ་ཕྱོགས་གཏན་འཁེལ་གྱི་དངོས་སྤྱོད་རྩལ་ནུས་གསོ་སྦྱོང་ཤུགས་ཆེན་བྱས་པ་རེད།

    ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་ཝ་མདའ་གྲོང་རྡལ་མང་ཆེན་གྲོང་ཚོའི་གྲོང་མི་ཆོས་འབྱོར་ལྷ་མོས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འོག་སྔ་རྗེས་སུ་ལྷ་ས་དང་ཆབ་མདོའི་རི་བོ་ཆེ་རྫོང་སོཌ་སུ་གསོ་སྦྱོང་ལ་བསྐྱོད་ཅིང་། སློབ་སྦྱོང་བྱས་ནས་ཕ་ཡུལ་དུ་ལོག་རྗེས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་རོགས་རམ་འོག མི་རིགས་གྱོན་ཆས་ཀྱི་མཉམ་ལས་ཁང་ཞིག་བཙུགས་པ་དང་། གྲོང་ཚོ་ཨུ་ལྷན་གྱིས་ཁོ་མོར་རིན་པ་མི་དགོས་པར་མི་རིགས་གྱོན་ཆས་མཉམ་ལས་ཁང་གཉེར་སྐྱོང་ལ་མཁོ་བའི་རྒྱུ་ཆ་དང་། འཕྲུལ་འཁོར། བཟོ་ཁང་སོགས་མཁོ་འདོན་བྱས་པ་རེད།

    ད་ཆ་ཆོས་འབྱོར་ལྷ་མོའི་མཉམ་ལས་ཁང་གི་གཉེར་སྐྱོང་ཡག་པོ་ཡོད་པ་དང་། མང་ཆེན་གྲོང་ཚོ་དེ་རྫོང་གྲོང་དང་བར་ཐག་ཉེ་བ་དང་ས་བབ་ཀྱི་ལེགས་ཆ་ལྡན་པས། སྐྱེལ་འདྲེན་མ་གནས་བལྟོས་བཅས་ཀྱིས་དམའ་པོ་ཡིན་པ་དང་། འགྲན་རྩོད་ཀྱི་ལེགས་ཆ་ཆེ་བས་མི་རིགས་རིག་གནས་ཐོན་ལས་ཀྱི་རྨང་གཞིར་བརྟེན་ནས་ཁྲོམ་ར་ཅན་དང་གཞི་ཁྱོན་ཅན་གྱི་གཉེར་སྐྱོང་ཐུབ་ཡོད། དེ་དང་ཆབས་ཅིག་གནད་སྨིན་དབུལ་སྐྱོར་དུད་ཚང་ཚོར་ལས་ཞུགས་ལས་གནས་དེ་བས་མང་བ་མཁོ་འདོན་བྱས་པས། ཁོང་ཚོའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་ཀྱང་ཐུབ་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།