ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་། གྲོང་གསེབ་དར་རྒྱས་གོང་དུ་འཕེལ།
ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དགུ་ཐང་ཤང་གིས་ས་གནས་དེ་གའི་ཐོན་ཁུངས་ཀྱི་ཁྱད་འཕགས་ལ་བརྟེན་ནས་བཟའ་བྱའི་ཤ་མོ་དང་ནགས་ཁྲོད་ཤིང་འབྲས་སོགས་ཐོན་ལས་འཕེལ་རྒྱས་བཏང་སྟེ་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ་རེད། མིག་སྔར། དགུ་ཐང་ཤང་བུ་ལུང་གྲོང་ཚོར་མོག་རོ་སྔོག་པའི་དུས་སུ་སླེབས་ཡོད། མོག་རོའི་སོན་ཁུག་སྟར་པ་རེ་རེ་བཞིན་གྲལ་འགྲིག་པོར་བཙུགས་པའི་གསེབ་ནས་མོག་རོ་ནག་པོའི་སྐྱེ་ཚུལ་ཧ་ཅང་བཟང་པོ་ཡོད་ཅིང་། འདི་ནི་བུ་ལུང་གྲོང་ཚོའི་གྲོང་མིས་མོག་རོ་སྔོག་བསྡུ་བྱེད་བཞིན་པ།