སྣམ་བུ་བཏགས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བ་བྱེད།
ལྷོ་ཁ་ས་ཁུལ་གྲ་ནང་རྫོང་གི་སྣམ་བུར་སྐད་གྲགས་ཡོད་ཅིང་། མིག་སྔར་རྫོང་དེ་གར་མི་4000ལྷག་ཙམ་གྱིས་སྣམ་བུ་འཐག་པ་དང་འཚོང་བའི་ལས་ལ་ཞུགས་ཡོད། ཁོང་ཚོས་ཐོན་སྐྱེད་བྱས་པའི་སྣམ་བུ་དཀར་པོ་དང་སྣམ་བུ་ཐིག་མ་སོགས་སྣ་ཁ་20ལྷག་ཙམ་བོད་ཀྱི་ས་གནས་ཁག་ཏུ་འཚོང་གི་ཡོད་ཅིང་། འདི་ནི་ཟླ་5ཚེས་17ཉིན་རྫོང་དེ་གའི་དཀྱིལ་རུ་ཤང་གི་ཉི་མ་དང་རྡོ་རྗེ་གཅེན་གཅུང་གཉིས་ཀྱིས་ལྷ་སའི་ཆེད་ཚོང་དུ་སྐྱེལ་རྒྱུའི་ཕྱུ་པ་འཚེམ་པའི་གནས་ཚུལ་ཡིན་པ།