ཆུ་ཤུར་རྫོང་གནམ་ཤང་གིས“དུས་རབས་གསར་པའི་གྲོང་གསེབ་བཅོས་སྐྱོང”གི་ཆེད་དོན་འཆད་ཁྲིད་བྱས་པ།
ཉེ་ཆར། ཆུ་ཤུར་རྫོང་གནམ་ཤང་གིས་ཧྭ་ཀྲུང་དགེ་འོས་སློབ་ཆེན་སྤྱི་ཚོགས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ལི་ཞུའེ་ཕིང་གདན་དྲངས་ནས“དུས་རབས་གསར་པའི་གྲོང་གསེབ་བཅོས་སྐྱོང”གི་ཆེད་དོན་འཆད་ཁྲིད་བྱས་པ་རེད།
འཆད་ཁྲིད་ནང་། དགེ་རྒན་ཆེ་མོ་བ་ལི་ཞུའེ་ཕིང་གིས་ས་ཁོངས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ཐབས་ལམ་དང་གྲོང་གསེབ་བཅོས་སྐྱོང་གི་སྣ་མང་སྒྲོམ་གཞི་སོགས་ཐད་ནས་ཚན་རིག་དང་དོན་དངོས་ལ་མཐུན་པ་དང་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་མིག་སྔའི་གནམ་ཤང་གི་འཕེལ་རྒྱས་ལ་འཕྲད་པའི་གོ་སྐབས་དང་འགྲན་སློང་ལ་དབྱེ་ཞིབ་བྱས་པ་རེད།
“ད་ཐེངས་ཀྱི་འཆད་ཁྲིད་ལས་ཤང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་གྲོང་གསེབ་དར་རྒྱས་གཏོང་རིང་གི་གཞི་རིམ་བཅོས་སྐྱོང་གནད་དོན་ལ་བསམ་གཞིག་བྱས་པ་དང་དུས་རབས་གསར་པའི་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པའི་ཕྲག་ཐོག་གི་འགན་འཁྲི་དང་ལས་འགན་ལྕི་པོ་ཡོད་པ་མྱོང་ཚོར་ཟབ་མོ་བྱུང་ཡོད” ཅེས་གནམ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཤང་ཀྲང་བསོད་ནམས་དར་རྒྱས་ཀྱིས་བཤད། ཁོང་གིས་ད་ཐེངས་ཀྱི་ཆེད་དོན་འཆད་ཁྲིད་ཀྱི་རིགས་པའི་གཞུང་ལུགས་གཏིང་ཟབ་ལ་བསམ་བློའི་ཆུ་ཚད་མཐོ་བ་མ་ཟད། དུས་བབ་ལ་དབྱེ་ཞིབ་དང་གྱོད་དཔེ་དྲངས་ནས་འགྲེལ་བཤད་བརྒྱབ་ཡོད་པས་གནམ་ཤང་གི་གྲོང་གསེབ་བཅོས་སྐྱོང་གི་ནུས་པ་སྔར་བས་ཆེ་རུ་དང་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། གནམ་ཤང་གི་གྲོང་གསེབ་བཅོས་སྐྱོང་གི་མ་ལག་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བར་མཛུབ་ཁྲིད་རང་བཞིན་དང་དངོས་སྤྱོད་རང་བཞིན་ཆེན་པོ་ལྡན་ཡོད་ཅེས་བཤད།
ཤང་ཡོངས་ཀྱི་ལས་བྱེད་པ་དང་། གྲོང་ཚོ་ཁག་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག གྲོང་གསེབ་ཀྱི་ཏང་འཛུགས་སྐྱོང་གིས་གྲོང་གསེབ་བཅོས་སྐྱོང་ལ་སྣེ་ཁྲིད་པའི་ལས་དོན་གྱི་འབྲེལ་ཡོད་མི་སྣ་30ལྷག་ཙམ་འཆད་ཁྲིད་ནང་ཞུགས་ཡོད་པ་རེད།