དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • ལྷོ་ཁ་གྲོང་ཁྱེར་གྱིས།

    ནུས་ཤུགས་ཡོད་རྒུས་ཡུལ་སྐོར་ཁྲོམ་རའི་སྒུལ་ནུས་གསར་པ་འཕེལ་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-21

    འདི་ལོ་ཚུན། ལྷོ་ཁ་གྲོང་ཁྱེར་གྱིས་ཁྱད་ལྡན་ཡུལ་སྐོར་ཐོན་རྫས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་། གཟིགས་སྐྱོང་སྲིད་ཇུས་དང་བྱ་ཐབས་འདོན་པ། གཙོ་གནད་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད། ཡུལ་སྐོར་དྲིལ་བསྒྲགས་དང་ཚོང་གཉེར་ལ་ཤུགས་སྣོན་བཅས་བྱས་ཏེ། ཕྱོགས་མང་ཤུགས་འདོན་དང་ཐབས་མང་མཉམ་འདོན་གྱིས་ཡུལ་སྐོར་ཁྲོམ་རར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་བསྣན་ཡོད།

    གསར་གཏོད་ཡུལ་སྐོར་གྱི་ལས་རྣམ་ལ་དམིགས་ཏེ་ཡར་འབྲོག་གཡུ་མཚོ་མཛེས་ལྗོངས་ཁུལ་གྱིས་བོད་ཀྱི་ས་མཐོའི་འཕུར་གདུགས་རྟེན་གཞི་དང་པོ་གསར་གཏོད་བྱས་ནས་བཙུགས་པ་དང་། ཟླ་རེར་ཆ་སྙོམས་ཡུལ་སྐོར་བ་20ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་ཁྲི་3བྱུང་ཡོད། སྣ་དཀར་རྩེ་རྫོང་གིས་འབྲོག་རའི་ཡུལ་སྐོར་ཉམས་ལེན་ཁུལ་བཏོད་པས་ཡུལ་སྐོར་བས་ཡར་འབྲོག་གི་གྱོན་ཆས་གྱོན་ནས་འོ་མ་བཞོ་བ་དང་རྟ་རྒྱུགས་ལ་བལྟ་བ་སོགས་ས་མཐོའི་འབྲོག་ཁུལ་གྱི་འཚོ་བ་ཉམས་ལེན་བྱེད་ཆོག་གི་ཡོད། གོང་དཀར་རྫོང་གིས“མཚར་སྡུག་བཀྲ་བའི་ནམ་ཟླའི”མཚན་མོའི་ཁྲོམ་ར་བཏོད་ནས་གྲོང་གསེབ་ཁུལ་དང་། མཚན་མོའི་དུས། དྲ་རྒྱ་བཅས་ཀྱི་དཔལ་འབྱོར་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱས་ཡོད། གྲ་ནང་རྫོང་གིས་བྱེ་ཐང་སྤྱི་གླིང་མཛེས་ལྗོངས་ཁུལ་གྱི་ཁྲོམ་ར་ཅན་གཞི་འཛིན་སར་བྱས་ནས་བྱེ་ཐང་དུ་སྦག་སྦག་འཁོར་ལོའི་ཉམས་ལེན་སོགས་དར་བཟོ་ཆེ་བའི་རྣམ་གྲངས་བཏོན་ནས་འགྲུལ་པའི་ཡིད་དབང་བཀུག་པ་དང་འབབ་འཕར་བྱུང་ཡོད།

    གཞན་ཡང་། ལྷོ་ཁ་གྲོང་ཁྱེར་གྱིས་ཡུལ་སྐོར་གཟུགས་བརྙན་རིམ་སྤོར་དང་ཡུལ་སྐོར་སྤུས་རྟགས་གཏོད་པའི་ཐད་རྒྱུན་མཐུད་ཤུགས་རྒྱག་པ་དང་། ཁྲང་ཧྲ་དང་། ཧོ་ཧྥེ། ཝུའུ་ཧན། ཁྲེང་ཏུའུ་སོགས་འགྲུལ་རྒྱུན་ཁྲོམ་ར་མང་པོར་ཡུལ་སྐོར་ངོ་སྦྱོར་བྱེད་པ། ཡུལ་སྐོར་ལས་དོན་ཁང་40ལྷག་ཙམ་དང་མཉམ་ལས་གྲོས་མཐུན་འཇོག་པ་བཅས་བྱས་ཏེ། ལྷོ་ཁའི་ཡུལ་སྐོར་གྱི་སྐད་གྲགས་ཆོད་ཚད་དང་བསྔགས་བརྗོད་ཐོབ་ཚད་ཆེ་རུ་བཏང་ཡོད། སྣེ་གདོང་ཆུས་ཀྱིས་ལྷོ་ཁ་གྲོང་ཁྱེར་གྱི་ཆུས་ཡག་ཤོས་ཀྱི་ལེགས་ཆར་གཞི་ཚུགས་ནས། ཁྲ་འབྲུག་ཐང་ཆེན་དེ་ཉིད་རྒྱལ་ཁབ་རིམ་པའི་མཚན་གུང་རིག་གནས་དང་ཡུལ་སྐོར་མཛད་སྤྱོད་འདུ་འཛོམས་ཁུལ་ཁག་གཉིས་པར་བདམས་ཐོན་ཡོང་བར་སྐུལ་འདེད་བཏང་བ་དང་། བཀྲ་ཤིས་མཆོད་རྟེན་གྲོང་ཚོ་རྒྱལ་ཡོངས་ཀྱི་སྲོལ་རྒྱུན་གྲོང་ཚོ་དང་། རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོ། རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁྲོམ་གཞུང་བཅས་ལ་སྔ་རྗེས་སུ་བདམས་ཐོན་ཡོང་བར་སྐུལ་འདེད་བཏང་བས། ཡུལ་སྐོར་འཕེལ་རྒྱས་ལ་རྨང་གཞི་ལེགས་པོ་བཏིང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།