དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • མངའ་རིས་ས་ཁུལ་གྱིས།

    གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་ལས་མཐོར་འདེགས་རིམ་སྤོར་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-21

    ད་ཕན་ལོ་ཤས་རིང་རང་ལྗོངས་ཀྱིས་གྲོང་གསེབ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་གྲོང་གསེབ་ཀྱི་ཡུལ་སྐོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཁྱད་ལྡན་མི་རིགས་ལག་ཤེས་བཟོ་རྩལ་དང་། སོལ་དལ་ཡུལ་སྐོར། ཁྱད་ལྡན་འདེབས་འཛུགས་སོགས་ཐོན་ལས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བས། མང་ཚོགས་རྣམས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་ཐུབ་ཅིང། འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་གི་བོད་ཟས་ཁང་དུ་ཡུལ་སྐོར་བས་ནས་ཆང་གི་བྲོ་བ་མྱོང་བཞིན་པ།

    2023ལོར་མངའ་རིས་ས་ཁུལ་གྱིས་གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་ཁུངས་རྒྱུན་ཆད་མེད་པར་འཚོལ་ཞིབ་གཏིང་ཟབ་བྱས་ཤིང་། ཟླ་ལྔ་པའི་ཟླ་མཇུག་བར། མངའ་རིས་ས་ཁུལ་གྱིས་ཡུལ་སྐོར་ལ་བརྟེན་ནས་ཞིང་འབྲོག་མང་ཚོགས་1421ལ་ཡོང་འབབ་སྒོར་ཁྲི་568.4བྱུང་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོར་མངའ་རིས་ས་ཁུལ་གྱིས་གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས། ཐད་ཀར་རམ་ཡང་ན་གཞན་བརྒྱུད་ཀྱི་རྣམ་པར་བརྟེན་ནས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཡུལ་སྐོར་ཞབས་ཞུའི་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་པས། མི་5006ལ་ཡོང་འབབ་སྒོར་ཁྲི་5213.6རག་པ་རེད། དེ་དང་ཆབས་ཅིག་ནུས་ཤུགས་ཡོད་རྒུས་གནམ་རུ་གྲོང་ཚོ་དང་། རྒྱ་སྨུག་གྲོང་ཚོ། རྡོ་དམར་གྲོང་ཚོ། སོག་སྟོད་གྲོང་ཚོ་སོགས་གྲོང་གསེབ་ཀྱི་ཡུལ་སྐོར་དཔེ་སྟོན་རྟེན་གཞི་5བཏོད་པ་དང་། མངའ་རིས་ས་ཁུལ་གྱི་གནའ་བོའི་ཞང་ཞུང་ཡུལ་སྐོར་རིག་གནས་ཀྱི་རྩེར་སོན་ལམ་ཐིག་དང་། ཡར་ར་ཤང་ཡུལ་སྐོར་སྐོར་ལམ་སོགས་གྲོང་གསེབ་ཀྱི་ཡུལ་སྐོར་ལམ་ཐིག་2བཏོད་པ། རྩྭ་མདའ་རྫོང་གིས་ཞལ་ཡས་གྲོང་ཚོ་དང་མཐོ་ལྡིང་གྲོང་ཚོར་གྲོང་གསེབ་ཀྱི་ཡུལ་སྐོར་རྣམ་གྲངས་བསྐྲུན་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་པའི་ལྕག་སྐུལ་བྱས་པ་རེད། 2023ལོར་སྤུ་ཧྲེང་རྫོང་འཁོར་ཆགས་གྲོང་ཚོས་འཁོར་ཆགས་གྲོང་ཚོ་དེ་ཉིད་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གཙོ་གནད་གྲོང་ཚོ་ཞིག་ཏུ་བསྐྲུན་རྒྱུ་དང་འབྲེལ་འདི་ལོའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་ཁྲོད་ནས་སྒོར་ཁྲི་100གྲོང་གསེབ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྤྱོད་རྒྱུ་ཡིན་པ་རེད།

    མངའ་རིས་ས་ཁུལ་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་ད་དུང་སྐྱེ་ཁམས་ལས་གནས་ལས་དོན་སྐོར་གྱི་མངའ་རིས་ས་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་བླང་བྱ་ལྟར། 2022ལོར་ཡུལ་སྐོར་གསང་སྤྱོད་ཀྱི་སྐྱེ་ཁམས་ལས་གནས་36དོན་འཁྱོལ་བྱས་པ་དང་། 2022ལོའི་ཡུལ་སྐོར་གསང་སྤྱོད་ཀྱི་སྐྱེ་ཁམས་ལས་གནས་ཀྱི་ཁ་གསབ་དངུལ་སྒོར་ཁྲི་12.6སྤྲད་པ་དང་འབྲེལ་2023ལོའི་སྐྱེ་ཁམས་ལས་གནས་ཀྱི་དགོས་མཁོའི་གནས་ཚུལ་སྐོར་གྱི་མངའ་རིས་ས་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་བླང་བྱ་གཞིར་བཟུང་། རྫོང་བདུན་གྱི་རིག་གནས་ཡུལ་སྐོར་ཅུས་དང་སྦྲེལ་མཐུད་བྱས་པ་བརྒྱུད། 2023ལོར་ཡུལ་སྐོར་གསང་སྤྱོད་ཀྱི་སྐྱེ་ཁམས་ལས་གནས་ཁྱོན་37བཀོད་སྒྲིག་བྱ་རྩིས་ཡོད་པ་རེད། དེས་མངའ་རིས་ས་ཁུལ་གྱི་ཡུལ་སྐོར་ཁོར་ཡུག་ལེགས་སུ་ནུས་ལྡན་བཏང་བ་མ་ཟད། ད་དུང་ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་གྱི་ཐབས་ལམ་ཡང་མཁོ་འདོན་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།