དབུ་ཤོག>ཞིང་འབྲོག་གསར་པ།
  • ཉིང་ཁྲི་གྲོང་ཁྱེར་སྲིད་གྲོས་ཀྱིས་གྲོས་གཞི་སྒྲུབ་སྐབས“ལན་ཡག་པོ་འདེབས་པ”ནས“བྱས་འབྲས་ཡག་པོ་ཐོན་པའི”བར་གྱི་འགྱུར་ལྡོག་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-07-06

     གྲོས་གཞི་སྒྲུབ་པའི་སྤུས་ཚད་དང་ཕན་འབྲས་ཡག་ཏུ་ཧུར་ཐག་གཏོང་ཆེད། ཉིང་ཁྲི་གྲོང་ཁྱེར་སྲིད་གྲོས་ཀྱིས་དུས་རབས་གསར་པའི་བླང་བྱ་གསར་པར་གཞི་ཚུགས་ཤིང་། གྲོས་གཞི་སྒྲུབ་སྟངས་གསར་གཏོད་བྱས་ནས། ལོ་དུས་ཡོལ་བའི་གྲོས་གཞིར་རྗེས་འདེད་སྒྲུབ་སྐུལ་དང་གྲོས་གཞི་སྒྲུབ་པར“ཕྱིར་ལྟ”དང་། “དམངས་ཀྱི་ཆེད་དུ་གྲོས་གཞིའི”ཁྱད་ལྡན་འགན་སྒྲུབ་སྤུས་རྟགས་གཏོད་པ། ས་གནས་ས་ཐོག་ཏུ་གྲོས་གཞི་སྒྲུབ་པའི་ཕན་འབྲས་ལ་ཞིབ་བཤེར། ལས་དོན་ལ་སྐུལ་འདེད་གཏོང་རིང་ལྷག་པའི་གནད་དོན་ལ་རྒྱུན་མཐུད་གྲོས་འདོན་དང་། གསལ་ཐོ་དོ་དམ། བསྒྲུབས་ཟིན་ཐོ་བསུབ་བཅས་བྱས་ནས། གྲོས་གཞི་སྒྲུབ་པར་ཨུ་ཡོན་དང་མང་ཚོགས་དངོས་འབྲེལ་བློ་ཡིད་ཚིམ་པོ་ཡོང་བར་བྱས་ཡོད།

    གྲོས་གཞི་འདོན་མཁན་དང་སྒྲུབ་མཁན་ཕྱོགས་གཉིས་ཀྱི་བརྟག་ཞིབ་གྲོས་མོལ་སྒྲིག་འཛུགས་བྱས་པ་བརྒྱུད། ཉིང་ཁྲི་གྲོང་ཁྱེར་སྲིད་གྲོས་སྐབས་དང་པོའི་ཚོགས་འདུ་ཐེངས་ལྔ་པ་དང་དྲུག་པའི་གྲོས་གཞི་གཙོ་བོ་དང་། གླེང་མང་བའི་དམངས་འཚོའི་གྲོས་གཞི《རྒྱལ་ལམ་318ལམ་རྒྱུད་ཀྱི་སྤོ་བོ་རྫོང་ཐང་སྨད་དུམ་བུའི་ཉེ་འགྲམ་གྱི་ཕུག་ལམ་ལྔའི་གློག་སྒྲོན་གནད་དོན་ཐག་གཅོད་བྱེད་རྒྱུའི་སྐོར》དང་། 《འཕྲུལ་སྒུལ་འཁོར་རིགས་ཞིབ་དཔྱད་ཚད་ལེན་ལྟེ་གནས་སྤོ་རྒྱུའི་སྐོར》《རིན་ཆེན་སྤུངས་དགོན་ཁྱོན་ཡོངས་ནས་ཉམས་གསོ་བྱེད་རྒྱུའི་སྐོར》བཅས་སོ་སོར་རྗེས་འདེད་སྒྲུབ་སྐུལ་བྱས་ནས་ལོ་དུས་ཡོལ་བའི་གྲོས་གཞི་མུ་མཐུད་སྒྲུབ་པ་མ་ཟད། ད་དུང་གྲོས་གཞི་སྒྲུབ་རིང“ལན་འདེབས་པ་གཙོ་བོ་དང་དོན་འཁྱོལ་ཕལ་པར་བྱེད་པའི”སྣང་ཚུལ་མི་ཐོན་པར་བྱས་ཏེ། “གྲོས་གཞི་རེ་རེར་ལན་འདེབས་པ་དང་དོན་དག་ཚང་མ་ཁུངས་སྐྱེལ་ཐུབ་པར”བྱས་པ་རེད།

    སྒྲུབ་མཁན་ཚན་པ་ཁག་ལ་གྲོས་གཞི་སྒྲུབ་པའི་ལས་དོན་གྱི“ལེའུ་རྗེས་མ”ཡག་པོ་བསྒྲུབས་ནས་གྲོས་གཞིའི་ནང་གི་གྲོས་འགོ་ལུགས་མཐུན་དག་དང་ལེན་དང་དོན་འཁྱོལ་ཡག་པོ་བྱས་ཏེ་གྲོས་གཞིའི་བློ་འདྲི་ཇུས་འདོན་གྱི་ནུས་པ་གལ་ཆེན་ཡག་པོ་འདོན་པའི་སྐུལ་ལྕག་གཏོང་ཆེད། ཉིང་ཁྲི་གྲོང་ཁྱེར་སྲིད་གྲོས་ཀྱིས་གྲོས་གཞི་གལ་ཆེན་དང་གྲོས་གཞི་Bརིགས་སྒྲུབ་པར“ཕྱིར་མིག་ལྟ་བའི”བྱ་སྤྱོད་སྤེལ་ཞིང་། མིག་སྔའི་བར། 2022ལོ་འཁོར་གྱི་གྲོས་གཞི་Bརིགས་16ཁྲོད་ཀྱི《གངས་ལྗོངས་སྔོ་ལྗང་ཁུལ་ཆུང་གི་ཁང་བདག་ཚོའི་ཁེ་ཕན་འགན་ལེན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར》དང་། 《ཉིང་ཁྲི་གྲོང་ཁྱེར་གྱི་སྤྱི་པའི་འཕྲོད་བསྟེན་འཕྲལ་སྡོམ་དོ་དམ་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར》 《སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་སྒང་པ་གྲོང་ཚོའི་འབྲུབ་དུས་ཀྱི་འགྲིམ་འགྲུལ་ཐད་ཀྱི་མངོན་མེད་རྐྱེན་ངན་སེལ་རྒྱུའི་སྐོར》སོགས་གྲོས་གཞི་6Aརིགས་སུ་བཅུག་པ་དང་། ཉིང་ཁྲི་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། དམངས་འཚོའི་ཕན་བདེ་དང་འབྲེལ་བའི་གྲོས་གཞི་ཁག་གཅིག་དོན་འཁྱོལ་བྱུང་བ་དང་ཕན་འབྲས་ཐོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།