ལག་རྩལ་ཁོང་དུ་ཆུད་པས་ཕྱུག་འགྱུར་ཐབས་ལམ་ཡངས།
འདི་ནི་བོད་ལྗོངས་གསེར་སྙེ་ཞིང་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ལས་མིས་དྲོད་ཁང་དུ་རྩྭ་ངན་འགོག་བཞིན་པ།
ཉེ་བའི་ལོ་ཤས་རིང་། བོད་ལྗོངས་གསེར་སྙེ་ཞིང་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིས་ལག་རྩལ་གྱི་ལེགས་ཆ་གང་ལེགས་བཏོན་ནས། སྟག་རྩེ་རྫོང་ཐང་དཀར་ཤང་གི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་སྔོན་ཐོན་འདེབས་འཛུགས་ལག་རྩལ་ཁྱབ་གདལ་དང་འཕྲུལ་ཆས་ཅན་གྱི་འདེབས་འཛུགས་ལག་ལེན་བསྟར་བས། ཐོན་འབབ་མཐོ་རུ་ཤུགས་ཆེན་ཕྱིན་ཏེ་གྲོང་མིར་ལག་རྩལ་ལྡན་པ་དང་། འབབ་འཕར་ལ་ཀ་རྟེན་ཡོད་པ། གྲོང་གསེབ་དར་རྒྱས་ལ་སྒུལ་ཤུགས་ལྡན་པ་བཅས་བྱུང་ཡོད།