རྣམ་གྲངས་བཟང་པོར་བརྟེན་ནས་སྐུལ་ཁྲིད་ཡག་པོ་བྱེད་པ།
འདི་ནི་སྟག་རྩེ་ཆུས་ཀྱི་ཚད་གཞི་མཐོ་བའི་རྒྱུད་བཟང་བཞོན་མ་གསོ་ཚགས་དཔེ་སྟོན་ལྟེ་གནས་ཀྱི་ལས་དོན་མི་སྣས་ལས་ཀ་བྱེད་བཞིན་པའི་རྣམ་པ་ཡིན་པ།
ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཀྱིས་ས་གནས་འདི་གའི་ཞིང་འབྲོག་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་ཁྱད་ལྡན་ཐོན་ལས་ཀྱི་སྣེ་འདྲེན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ“ཞིང་ལས་ཐོན་ལས་གླིང་དང་། སྣེ་འདྲེན་ཁེ་ལས། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”ཐོན་ལས་བྱེད་ཐབས་ལ་བརྟེན་ནས་ཁྱད་ལྡན་ཐོན་ལས་རྣམ་གྲངས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། ས་གནས་འདི་གའི་ཞིང་འབྲོག་མང་ཚོགས་དེ་བས་མང་བ་ལས་ཞུགས་གཞན་སྒྱུར་ཐུབ་རྒྱུར་ཆ་རྐྱེན་བསྐྲུན་ཡོད།