དབུ་ཤོག>ཞིང་འབྲོག་གསར་པ།>ཁྱད་ལྡན་ཐོན་ཟོག
  • དྲི་ཞིམ་འཐུལ་བའི་བདུག་སྤོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-06-19
      • འདི་ནི་ཚེ་རིང་རྡོ་རྗེས་ཤུག་པ་བཏུབ་ནས་སྤོས་ཀྱི་རྒྱུ་ཆ་གྲ་སྒྲིག་བྱེད་བཞིན་པ།

        འདི་ནི་ཚེ་རིང་རྡོ་རྗེས་སྤོས་བཟོ་བཞིན་པ།

        སྤོས་ཀྱི་འབྱུང་གནས་བོད་ལྗོངས་སྙེ་མོ་རྫོང་ཐོན་པ་གྲོང་རྡལ་ཐོན་མདའ་གྲོང་ཚོར་ལོ་1300ལྷག་ཙམ་གྱི་སྤོས་བཟོ་བའི་ལོ་རྒྱུས་ལྡན་ཞིང་། གྲོང་ཚོ་འདི་གའི་གྲོང་མི་མང་ཆེ་བས་སྤོས་བཟོ་ཤེས་ཀྱི་ཡོད་ལ། འདི་ལོ་ལོ་45ལ་སླེབས་པའི་ཚེ་རིང་རྡོ་རྗེ་ནི་དེའི་ཁྲོད་ཀྱི་གྲས་ཤིག་རེད།

        སྙེ་མོ་རྫོང་གི་སྤོས་བཟོ་རྩལ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཅིག་ཡིན་ཞིང་། དེ་བཟོ་བའི་བརྒྱུད་རིམ་རྙོག་འཛིང་ཧ་ཅང་ཆེ་ཡང་ཚེ་རིང་རྡོ་རྗེས་ད་བར་རྒྱུན་འཁྱོངས་བྱས་པ་མ་ཟད། ད་དུང་ཁྲོམ་རའི་དགོས་མཁོ་དང་བསྟུན་ནས། རིག་པ་གསལ་བ་དང་གཉིད་ཡག་པོ་ཁུག་པར་ཕན་ནུས་ཐོན་པའི་སྤོས་རིགས་གསར་པ་ཞིབ་འཇུག་དང་གསར་སྤེལ་བྱས་པ་མ་ཟད། ཐོན་སྐྱེད་ཀྱི་གཞི་ཁྱོན་ཡང་ཆེ་རུ་བཏང་ཡོད།

        ལོ་བཅུ་ལྷག་ཙམ་གོང་། ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་ཆེད། ཚེ་རིང་རྡོ་རྗེས་སྤོས་ཁུག་ཁྱེར་ནས་ལྷ་སའི་ཚོང་ཁང་ཆེ་ཆུང་གང་སར་འཚོང་བར་འགྲོ་མྱོང་ཡོད། ད་ཆ་རྒྱལ་ཁབ་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་དང་ས་གནས་དེ་གའི་སྲིད་གཞུང་གིས་ཁྱབ་གདལ་ཤུགས་ཆེན་བཏང་བ་ལས། སྙེ་མོའི་སྤོས་སྔ་ས་ནས་ས་ཕྱོགས་གང་སར་སྐད་གྲགས་ཆོད་པ་མ་ཟད། ཡུལ་སྐོར་བ་དང་ཚོང་པ་དག་རང་ཁྱིམ་གྱི་མགྲོན་པོ་དང་དྲ་རྒྱ་སྤོས་ཕྱིར་ཚོང་གི་ཐབས་ལམ་གསར་པ་ཞིག་ཏུ་གྱུར་ཡོད། ན་ནིང་ཚེ་རིང་རྡོ་རྗེས་སྤོས་ཆག་ཁྲི་10བཙོངས་པར་ཡོང་འབབ་སྒོར་ཁྲི་50ལྷག་ཙམ་བྱུང་ཡོད།

        ཚེ་རིང་རྡོ་རྗེའི་ད་ལྟའི་བསམ་འདུན་ནི་དགེ་ཕྲུག་མང་ཙམ་བསྡུས་ནས་སྙེ་མོའི་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་སྤོས་ཀྱི་དྲི་ཞིམ་ས་ཐག་དེ་བས་རིང་བར་འཐུལ་ཐུབ་པ་བྱེད་པ་འདི་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།