དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • གཞིས་རྩེ་གྲོང་ཁྱེར་གྱིས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་མགྱོགས་མྱུར་ཞིབ་བཤེར་ཚད་ལེན་བྱེད་པའི་ལག་རྩལ་མཐོ་རུ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-02

    ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་ལྟ་འདོམས་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། ཞིང་ལས་ཐོན་རྫས་ཀྱི་བདེ་འཇགས་ལྟ་འདོམས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དུས་བབ་གསར་པའི་ཞིང་ལས་ཐོན་རྫས་ཀྱི་བདེ་འཇགས་ལྟ་འདོམས་བླང་བྱ་དང་འཚམ་པ། མི་དམངས་མང་ཚོགས་ཀྱི་ལྕེ་ཐོག་གི་བདེ་འཇགས་འགན་ལེན་བཅས་བྱ་ཆེད། ཉེ་ཆར་གཞིས་རྩེ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་དང་གཞིས་རྩེ་གྲོང་ཁྱེར་ཞིང་འབྲོག་ཐོན་རྫས་སྤུས་ཚད་བདེ་འཇགས་ཞིབ་བཤེར་ཚད་ལེན་ལྟེ་གནས་ཀྱིས་2023ལོའི་གཞིས་རྩེ་གྲོང་ཁྱེར་གྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་མགྱོགས་མྱུར་ཞིབ་བཤེར་ཚད་ལེན་བྱེད་པའི་ལག་རྩལ་གསོ་སྦྱོང་དང་གཞིས་རྩེ་གྲོང་ཁྱེར་གྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་མགྱོགས་མྱུར་ཞིབ་བཤེར་ཚད་ལེན་བྱེད་པའི་འགྲན་བསྡུར་སྐབས་གཉིས་པ་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད།

    གསོ་སྦྱོང་ཚོགས་འདུར་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཞིང་ལས་སྤུས་ཚད་ཚད་གཞི་དང་ཞིབ་དཔྱད་ཚད་ལེན་ཞིབ་འཇུག་སུའོ་ཡི་སྤུས་ཚད་ཞིབ་བཤེར་ལྟེ་གནས་དང་། གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། གཞིས་རྩེ་གྲོང་ཁྱེར་ཞིབ་དཔྱོད་ཁང་སོགས་ཀྱི་འབྲེལ་ཡོད་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་གཅིག་སྡུད་སློབ་ཚན་ཁྲིད་ནས《ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་བཅའ་ཁྲིམས》དང་། 《བཟའ་བཅའི་བདེ་འཇགས་བཅའ་ཁྲིམས》 《བཟའ་བཅའ་དང་བཟའ་བྱའི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་ད་ཡོད་གནས་ཚུལ་དང་ཉེན་ཁར་དབྱེ་ཞིབ》 《ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་ད་ཡོད་གནས་ཚུལ་དང་ཉེན་ཁར་དོ་དམ་ཚོད་འཛིན》 《ཞིང་སྨན་འཕྲོ་ལུས་དབྱེ་ཞིབ་མ་དཔེའི་འཚོལ་བསྡུའི་བྱ་ཐབས》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་སྟེ་རིགས་པའི་གཞུང་ལུགས་ཀྱི་འགྲེལ་བཤད་དང་དོན་དངོས་ཀྱི་བཀོལ་སྤྱོད་ཟུང་འབྲེལ་གྱི་བྱ་ཐབས་ལ་བརྟེན་ནས་ཞིང་སྨན་གྱི་གནོད་འཚེ་དང་རིན་ཐང་དང་། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཞིབ་དཔྱད་ཚད་ལེན་སྒྲིག་གཞིའི་ཚོད་ལྟ་ཁང་གི་དོ་དམ་ཚད་གཞི། ཞིང་ཕྱུགས་སྨན་མགྱོགས་མྱུར་ཞིབ་དཔྱད་ཚད་ལེན་གྱི་གཞི་རྩའི་ཤེས་བྱ་དང་ཚོད་ལྟ་ཁང་གི་བཀོལ་སྤྱོད་རྩལ་ནུས་ཤེས་བྱ་བཅས་ལ་གསལ་འགྲེལ་བྱས་པ་མ་ཟད། ཞིང་ཕྱུགས་ཐོན་རྫས་མ་དཔེར་ཞིབ་དཔྱད་ཚད་ལེན་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་ཁྱོན་ཡོངས་ནས་དཔེ་སྟོན་ཡང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།