ཆབ་མདོ་གྲོང་ཁྱེར་གྱིས་འབྲོག་ལས་ཐོན་སྐྱེད་ཀྱི་ལས་སྣོན་ལས་རིགས་འཕེལ་རྒྱས་ལ་མུ་མཐུད་བརྟན་པོའི་ངང་སྐུལ་འདེད་བཏང་བ།
འདི་ལོ་ཚུན་དུ། ཆབ་མདོ་གྲོང་ཁྱེར་གྱི་འབྲོག་ལས་ཐོན་སྐྱེད་ཀྱི་ལས་སྣོན་ལས་རིགས་བརྟན་ལ་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་ཕྱིན་ནས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཟླ་གསུམ་པའི་ཟླ་མཇུག་བར། ཆབ་མདོ་གྲོང་ཁྱེར་དུ་བེའུ་དང་ལུག་ཕྲུག་མགོ་གྲངས་ཁྲི་12.78སྐྱེས་པ་དང་གསོན་ཚད་མགོ་གྲངས་ཁྲི་12.39ཟིན་ནས་གསོན་ཚད་97%ཟིན་ཡོད། བཤས་གཏོང་ཚད་མགོ་གྲངས་ཁྲི་4.71ཟིན་པ་དང་། ཤ་དང་། འོ་མ། སྒོ་ང་བཅས་ཀྱི་ཐོན་ཚད་ཏུན་ཁྲི་0.5དང་། ཏུན་ཁྲི་0.09 ཏུན་95བཅས་སོ་སོར་ཟིན་ཡོད། བོད་ཕག་གསོ་ཚགས་རྟེན་གཞི་23བསྐྲུན་པ་དང་བོད་ཕག་གསོ་ཚགས་ཐད་ལག་ཡོད་ཕག་པ་མགོ་གྲངས་ཁྲི་11.06ཡོད་པའི་ནང་སྐྱེ་འཕེལ་ཐུབ་པའི་ཕག་མོ་ཁྲི་1.84ཟིན་ཡོད། ཨ་དབང་ལུག་གསོ་ཚགས་རྟེན་གཞི་9དང་ཨ་དབང་ལུག་གི་སྦྲུམ་རྟེན་ལྟེ་གནས་1བསྐྲུན་པ་དང་ཨ་དབང་ལུག་གི་ལག་ཡོད་ལུག་མགོ་གྲངས་ཁྲི་37.43ཟིན་ཡོད། བོད་བྱ་གསོ་ཚགས་ཐད་ལག་ཡོད་བྱ་དེ་ཁྲི་18.42ཟིན་པ་དང་སྒོ་ང་ཐོན་ཚད་ཏུན་95ཟིན་པ། གྲོང་ཁྱེར་ཡོངས་ཀྱིས་བ་གླང་མགོ་གྲངས་5000རྒྱུད་པ་ལེགས་གཏོང་དང་ནོར་གནག་གི་དཔལ་འབྱོར་རྒྱུད་བསྲེས་མགོ་གྲངས་7679ལེགས་སྒྲུབ་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།
མིག་སྔར་གྲོང་ཁྱེར་ཡོངས་ཀྱི་བྱ་རིགས་ཆམ་རིམས་ཀྱི་རིམས་འགོག་སྨན་ཁབ་བརྒྱབ་ཟིན་པ་དང་། ཁ་ཚ་རྨིག་ཚའི་རིམས་འགོག་སྨན་ཁབ་80%བརྒྱབ་ཟིན་པ། ཕག་རིམས་ཀྱི་རིམས་འགོག་སྨན་ཁབ་རྫོང་དང་ཆུས་ཁག་ལ་སྤྲད་ཟིན་པ། སྨར་ཁམས་དང་དཔའ་ཤོད་སོགས་གཙོ་གནད་སྔོན་འགོག་ཚོད་འཛིན་ཁུལ་དུ་རའི་འབྲུམ་འགོག་སྨན་ཁབ་ཁྲི་168སྤྲད་ཟིན་པ། གྲོང་ཁྱེར་ཕྱུགས་སྨན་ནད་དཔྱད་ཚོད་ལྟ་ཁང་གིས་ཨ་ཧྥེ་རི་ཁའི་ཕག་རིམས་ཀྱི་ནད་དུག་ལ་ཉིང་སྐྱུར་བརྟག་དཔྱད་397བྱས་པ་རེད།