དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • ལྷོ་ཁ་གྲོང་ཁྱེར་གྱི་ན་ནིང་གི་བྱ་སྒོང་ཐོན་འབབ་ཀྱིས་ལྗོངས་ཡོངས་ཀྱི་སྤྱིའི་ཐོན་འབབ་ཀྱི་57.42%བཟུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-02

    ཉིན་ཤས་གོང་གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ནས་ཤེས་རྟོགས་བྱུང་བར། 2022ལོར་ལྷོ་ཁ་གྲོང་ཁྱེར་གྱི་ཕྱུགས་ལས་འཕེལ་རྒྱས་ཤུགས་ཆེན་ཕྱིན་ནས། བྱ་སྒོང་ཐོན་འབབ་ཀྱིས་ལྗོངས་ཡོངས་ཀྱི་སྤྱིའི་ཐོན་འབབ་ཀྱི་57.42%བཟུང་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས“ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་གཏོད་པའི”འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། བོད་བྱ་དང་། བོད་ཕག འབྲི་གཡག བཞོན་མ་སོགས་ས་མཐོའི་ཁྱད་ལྡན་ཕྱུགས་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་རེད། 2022ལོར། གྲོང་ཁྱེར་དེའི་ཕྱུགས་རིགས་ལག་ཡོད་མགོ་གྲངས་ཁྲི་127དང་བྱ་ཕྲུག་དང་ཕག་ཕྲུག་སོགས་མགོ་གྲངས་ཁྲི་36ཟིན་པ་དང་། མི་ཐབས་ལ་བརྟེན་ནས་གཟན་རྩྭ(བསྐྱར་དུ་བཏབ་པ་ཚུད་པ)མུའུ་ཁྲི་8.94བཏབ་ཡོད། ཤ་དང་། སྒོ་ང་། འོ་མ་བཅས་ཀྱི་ཐོན་འབབ་ཏུན་ཁྲི་2.42དང་། ཏུན་ཁྲི་0.62 ཏུན་ཁྲི་7.42བཅས་སོ་སོར་ཟིན་ནས་སྒོ་ང་དང་འོ་མའི་ཐོན་འབབ་365%དང་10.9%སོ་སོར་འཕར་ཏེ། བྱ་སྒོང་ཐོན་འབབ་ཀྱིས་ལྗོངས་ཡོངས་ཀྱི་སྤྱིའི་ཐོན་འབབ་ཀྱི་57.42%བཟུང་ཡོད་པ་རེད།

    མིག་སྔའི་བར། གྲོང་ཁྱེར་དེས་བོད་བྱའི་ལེགས་ལྡན་ཐོན་ལས་ཁྱུ་ཚོགས་1བདེ་བླག་ངང་རེ་ཞུ་བྱས་པ་དང་། རིམ་རྩིས་བྱས་ན་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་1714གསོ་སྐྱོང་བྱས་ཤིང་། རིགས་ཁག་གི་དཔེ་སྟོན་ཁང་51དང་། ཁྱིམ་ཚང་ཞིང་འབྲོག་ར་55 ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་12བཅས་སྐྱེད་སྲིང་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།