དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ལྷ་ས་གྲོང་ཁྱེར་གྱིས་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་པ།

    གཞི་རིམ་ལ་བཅོས་སྐྱོང་ཤུགས་ཆེན་བྱས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་སྐྲུན་པར་གཞོལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-02

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས“མཐའ་ཚད་སྲུང་བ་དང་། འཕེལ་རྒྱས་ལ་དམ་འཛིན། དར་རྒྱས་ལ་སྐུལ་འདེད”བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་། འགན་འཁྲི་དང་ལས་འགན་ལ་དམིགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ཏེ། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་སྐས་རིམ་གསར་པ་ཞིག་ཏུ་སླེབས་ནས་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་གཏོད་ཐུབ་པ་རེད།

    2022ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་རྒྱུ་གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་སྔོན་འགོག་གི་འགོག་སྲུང་འཛིང་རགས་དང་པོར་བརྩིས་ནས་ལྟ་ཞིབ་ཚད་ལེན་མྱུར་བ་དང་། རོགས་སྐྱོར་གནད་ལ་འཁེལ་བ། ཉེན་ཁ་ལེགས་པར་བསལ་བ་བཅས་མཐའ་འཁྱོངས་བྱས་ཏེ། ལྟ་ཞིབ་ཚད་ལེན་ཕུགས་ཕན་ཅན་དང་རོགས་སྐྱོར་རྒྱུན་རྣམ་ཅན་ལ་སྐུལ་འདེད་བཏང་བ་རེད། དབུལ་པོ་བསྐྱར་ལོག་སྔོན་འགོག་ལ་ལྟ་ཞིབ་ཚད་ལེན་གྱི་གཅིག་སྡུད་གྲལ་བཤེར་ཐེངས་གཉིས་དང་ཕྱོགས་ཡོངས་དང་གཙོ་གནད་གྲལ་བཤེར་བྱས་པ་བརྒྱུད། དབུལ་པོ་བསྐྱར་ལོག་ཐེབས་སྲིད་པའི་ཐོལ་བྱུང་དོན་རྐྱེན་སྣ་ཚོགས་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་གྱི་ཁྱབ་ཁོངས་ནང་བཅུག་ཅིང་། དབྱེ་འབྱེད་དང་ཁོངས་འཇུག་གི་གོ་རིམ་ལེགས་སྒྲིག་དང་། དབྱེ་འབྱེད་གཏན་འཁེལ་གྱི་དུས་ཚོད་ཐུང་དུ་གཏོང་བ། ནང་དུ་འཇོག་དགོས་རིགས་མ་བཞག་པའི་རིགས་གཏན་འགོག རོགས་སྐྱོར་བྱ་ཐབས་ལ་རྗེས་སྙེགས་དང་ཤུགས་སྣོན་བཅས་བྱས་ནས། རིམ་རྩིས་བྱས་ན། དབུལ་སྒྲོལ་བརྟན་པོ་མ་བྱུང་བའི་དུད་ཚང་དང་མཐར་ལུས་ཀྱི་དབུལ་སླའི་དུད་ཚང་། ཐོལ་བྱུང་དོན་རྐྱེན་ཚབས་ཆེན་བྱུང་བའི་དཀའ་ངལ་ཡོད་པའི་དུད་ཚང་བཅས“མི་སྣ་རིགས་གསུམ”གྱི་དུད་ཚང་516གི་མི་2037དབྱེ་འབྱེད་བྱས་པ་དང་། དུད་ཚང་250ཡི་མི་993གྱི་དབུལ་པོ་བསྐྱར་ལོག་གི་ཉེན་ཁ་བསལ་བ་རེད། གནས་སྤོས་རྗེས་མཐུད་རོགས་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཞིང་། གྲོང་ཁྱེར་ཡོངས་ཀྱི་གནས་སྤོས་བྱ་ཡུལ་32ལ་ཐོན་ལས་རྣམ་གྲངས་94བཀོད་སྒྲིག་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར་37.85བཏང་སྟེ། ལོའི་ཆ་སྙོམས་ཀྱི་ཐོན་ལས་བགོ་འགྲེམས་སྒོར་ཁྲི་4334ཟིན་ནས་མི་ཐེངས་ཁྲི་5.3ལ་ཕན་པ་ཐོབ་པ་དང་མི་8067ལས་ཞུགས་གཞན་སྒྱུར་ཐུབ་ཡོད། ལྟེ་བའི་གྲོང་ཁྱེར་གྱི་གནས་རིམ་དང་པོའི་ནུས་པ་འདོན་སྤེལ་གྱིས་ལོ་དེ་རང་དུ་ཆབ་མདོའི་ས་ངན་ཡུག་ཁུལ་གྱི་དུད་ཚང་5ཡི་མི་36གྲོང་ཁྱེར་བརྒལ་ནས་ཡུལ་གཞན་དུ་གནས་སྤོས་ཀྱི་ལས་འགན་ལེགས་སྒྲུབ་བྱས་ཤིང་། རིམ་རྩིས་བྱས་ན་དུད་ཚང་672ཀྱི་མི་4208གནས་སྤོས་བྱས་ཡོད། 2022ལོར་གནས་སྤོས་དབུལ་སྒྲོལ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་17894ཟིན་པ་དང་། དབུལ་སྐྱོར་རྒྱུ་ནོར་བདག་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཞིང་། རིམ་རྩིས་བྱས་ན། དབུལ་སྐྱོར་རྣམ་གྲངས་678དང་དབུལ་སྐྱོར་རྒྱུ་ནོར་1986གི་བདག་དབང་གཏན་འཁེལ་བྱས་པར་མ་དངུལ་སྒོར་དུང་ཕྱུར་68.36ཟིན་ནས་ལས་ཀའི་གཙོ་བོ“མཐིལ་རྟོགས་བྱས་ནས་བདག་དབང་གཏན་འཁེལ”ནས“དོ་དམ་དང་བེད་སྤྱོད་ཡག་པོ་བྱེད་པའི”བར་འགྱུར་བར་སྐུལ་འདེད་བཏང་བ་རེད།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་ལ་སྐུལ་འདེད་བརྟན་པོ་བཏང་ཞིང་། གྲོང་གསེབ་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་བཏང་བས་གནས་འཕྲོད་ལས་འཕྲོད་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་རིམ་མགྱོགས་སུ་ཕྱིན་ཞིང་། 2021ལོ་ནས་2022ལོའི་བར་མཛེས་སྡུག་ལྡན་པའི་སྡོད་མལ་གྲོང་ཚོ་44བསྐྲུན་པར་དངུལ་འབོར་སྒོར་དུང་ཕྱུར་15.03བཏང་ཞིང་། མིག་སྔར་གྲོང་ཚོ་14རགས་ཙམ་བསྐྲུན་ཟིན་པ་དང་། ད་ལོར་གནས་འཕྲོད་ལས་འཕྲོད་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་24བསྐྲུན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། “གྲོང་རྡལ་ལྔ་ཚོད་ལྟ་དང་། གྲོང་ཚོ་བཅུ་དཔེ་སྟོན། གྲོང་ཚོ་བརྒྱ་བཅོས་སྒྲིག”གི་འདུ་འགོད་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་གྱིས། 2021ལོ་ནས་བཟུང་རྣམ་གྲངས་འཛུགས་སྐྲུན་དང་གོང་རིམ་གྱིས་དཔྱད་བསྡུར་བྱས་པའི་མཛེས་སྡུག་ལྡན་པའི་སྡོད་མལ་གྲོང་ཚོ་99དང་། རྫོང་དང་ཆུས་ཀྱིས་འོས་སྦྱོར་གོང་ཞུ་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་གྲོང་ཚོ་59གསེད་བཀྲོལ་བྱས་ནས། ད་ལོར་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་གྲོང་ཚོ་50གཏོད་པའི་གྲོས་འགོའི་མིང་ཐོ་གཏན་འཁེལ་རགས་ཙམ་བྱུང་ཡོད། ལོ་ཧྲིལ་པོར་གྲོང་གསེབ་དུད་ཚང་གི་གསང་སྤྱོད་5296སྒྱུར་བཀོད་ལས་འགན་དུས་ཐོག་ཏུ་ཁག་བགོས་གཤམ་སྤྲོད་བྱས་པ་དང་། “གཙང་སེལ་བཞི་དང་སྒྱུར་བཀོད་གཉིས”ཀྱི་གྲོང་ཚོ་གཙང་སེལ་བྱ་སྤྱོད་གཏིང་ཟབ་སྤེལ་ཞིང་། རིམ་རྩིས་བྱས་ན་2022ལོར་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་ཏུན་11310དང་སྙིགས་རོ་ཏུན་1743གཙང་སེལ་བྱས་ཡོད། རིམ་རྩིས་བྱས་ན། གྲོང་གསེབ་ཀྱི་དུད་ཚང་50580ཡི་གསང་སྤྱོད་སྒྱུར་བཀོད་བྱས་ནས་ཁྱབ་གདལ་གཏོང་ཚད་70.68%ཟིན་ཡོད། ད་ལོ་ནས་བཟུང་། “འབྲེལ་བ་བཞི་དང་འགན་གཙང་ལེན་བཞིའི”བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ། གྲོང་གསེབ་ཀྱི་གད་སྙིགས་དང་། གྲོང་ཚོའི་ཆུ་རྫིང་། སྒོ་ཕྱུགས་དང་ཁྱིམ་བྱའི་ལུད། གཟན་རྩྭ་བཅས་གང་བྱུང་དུ་སྤུངས་པའིརིགས་གཙང་སེལ་དང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་གོམས་གཤིས་ངན་པ་བསྒྱུར་བ་སོགས་ཀྱི་གཙོ་གནད་ལས་འགན་ལ་དམིགས་ཏེ། གྲོང་ཚོར་དྲིལ་བསྒྲགས་སློབ་གསོ་ཐེངས་4562སྤེལ་བ་དང་། དྲིལ་བསྒྲགས་དཔྱད་ཡིག་32928སྤྲད་པ། དྲིལ་བསྒྲགས་སྦྱར་ཡིག་4869སྦྱར་ཡོད། མང་ཚོགས་མི་ཐེངས་98505ལ་སྐུལ་སློང་བྱས་ནས་འགྱིག་སྙིགས་དང་འཚོ་བའི་གད་སྙིགས་ཏུན་14358དང་། ཁུག་ཀྱོག་5814 ཆུ་རྫིང་1226 གྲོང་ཚོའི་འདམ་རྫབ་ཏུན་1902.2 གྱང་གོག་165 སོག་མ་གང་བྱུང་དུ་སྤུངས་ས་209བཅས་གཙང་སེལ་བྱས་པ་མ་ཟད། གྲོང་ཚོའི་ཞིང་སྤྱོད་འགྱིག་ཤོག་ཏུན་97.5ཕྱིར་བསྡུ་དང་། སྒོ་ཕྱུགས་དང་ཁྱིམ་བྱའི་ལུད་སོགས་ཟོག་རོ་ཏུན་1801.2གཙང་སེལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།