དབུ་ཤོག>ཞིང་འབྲོག་གསར་པ།>འགོ་བརྗོད་པར་རིས།
  • ཐོན་ལས་ཡག་པོ་འདེམས། འཚོ་བ་ཡག་པོ་སྐྱེལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-05-31
      • ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་གིས་འདུ་ཤེས་གསར་པར་བརྟེན་ནས་གསོ་ཚགས་དང་འདེབས་འཛུགས་ཀྱི་འཁོར་རྒྱུག་ཞིང་ལས་བཏོད་དེ་ས་གནས་དེ་གའི་མང་ཚོགས་ཀྱི་སྣེ་ཁྲིད་ནས་གསོ་ཚགས་རྟེན་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། ཕྱི་ནས་ལག་རྩལ་བ་གདན་ཞུ་སོགས་ཀྱི་རྨང་གཞི་ནས་འགོ་བཙུགས་པ་དང་འབྲེལ་ས་ཆ་གཞན་ནས་སེར་རྡུལ་འབུ་དང་གྲོ་ནག་རྩྭའི་རྣམ་གྲངས་ནང་འདྲེན་བྱས་ཤིང་། བོད་བྱ་གསོ་ཚགས་བྱེད་སྟངས་ལེགས་སུ་བཏང་བ་དང་གསོ་ཚགས་ཀྱི་ལས་ཕྱོད་དང་སྒོ་ང་ཐོན་ཚད་མཐོ་རུ་བཏང་བས་འཁོར་རྒྱུག་ཞིང་ལས་ཀྱི་རྣམ་པ་ཞིག་རིམ་བཞིན་ཆགས་ཡོད། འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ཚེ་སྨད་བོད་བྱ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་ལས་དོན་པས་བོད་བྱའི་སྒོ་ངར་ཞིབ་བཤེར་བྱེད་བཞིན་པ།

        ཉེ་བའི་ལོ་ཤས་རིང་། མེ་ཏོག་རྫོང་དགུ་ཐང་ཤང་གིས་ལེགས་ལྡན་ཁྱད་ལྡན་ཐོན་ལས་ཀྱི་བཀོད་པར་དམིགས་ཏེ་སྣ་ཁ་གསར་པ་ཁྱབ་གདལ་དང་ལག་རྩལ་གསོ་སྦྱོང་སོགས་ཀྱི་ལས་དོན་ཧུར་ཐག་སྤེལ་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་རིང་གི་ཚན་རྩལ་ཆེད་མངགས་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་པ་རེད། འདི་ནི་ཚན་རྩལ་ཆེད་མངགས་པས་དགུ་ཐང་ཤང་རྡོ་ལུང་སྒང་གྲོང་ཚོའི་མི་སེར་ལ་ས་མཐོའི་སྐྱེ་ལྡན་ཇ་ཤིང་འདེབས་སྟངས་བསླབས་ནས་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་རོགས་རམ་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།