དབུ་ཤོག>ཞིང་འབྲོག་གསར་པ།>ལས་མིའི་ལྡུམ་རྭ།>ཇི་ལྟར་བྱས་ཏེ་ལས་ཀ་འཚོལ་དགོས།
  • ཞིང་པ་དང་འབྲོག་པ་གློང་ཁྱེར་དུ་ལས་ཀ་འཚོལ་མཁན་གྱིས་ཇི་ལྟར་བྱས་ཏེ་ལས་ཀ་འཚོལ་དགོས།

    གྲོང་ཁྱེར་ནང་དུ་ལས་ཀ་འཚོལ་སྐབས་ཐབས་ལམ་ལྡན་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-05-30
      • ཞིང་པ་དང་འབྲོག་པས་ངལ་ནུས་ཕྱིར་གཏོང་བྱ་ཡུལ་དུ་སྲིད་གཞུང་སྡེ་ཚན་གྱིས་སྒྲིག་འཛུགས་བྱས་པའི་ངལ་ནུས་ཕྱིར་གཏོང་ནང་ཞུགས་ཆོག་པ་དང་ཕྱིར་གཏོང་བྱ་ཡུལ་གྱི་ངལ་རྩོལ་ལས་ཞུགས་དོ་དམ་སྒྲིག་གཞིས་ངལ་ནུས་ཕྱིར་གཏོང་བྱེད་སར་གཅིག་གྱུར་ཐོག་བཀོད་སྒྲིག་བྱེད་དགོས།ཕྱིར་བསྐྱོད་ལས་ཞུགས་བྱེད་སྟངས་དེ་རིགས་ལ་ལེགས་ཆ་ཁ་ཤས་ལྡན་ཡོད་པ་སྟེ།

        ●ཆ་འཕྲིན་བདེན་ཞིང་བློས་འགེལ་ཆོག་པ་དང་།དོ་དམ་ཅུང་ཚད་དང་ལྡན་པ་དང་།གླ་ཕོགས་དང་ཐོབ་ཐང་ལ་ཅུང་འགན་ལེན་ཡོད་པ་བཅས་ཡིན།

        ● སྟབས་བདེའི་ཞབས་ཞུ་བསྟུད་མ་ཡོད་པ་དཔེར་ན་སྡོད་ས་མཁོ་འདོན་དང་།གསོ་སྦྱོང་བྱེད་པ།དཔྱིད་གསར་དུས་ཆེན་སྐབས་ཕ་ཡུལ་དུ་ཕྱིར་ལོག་བྱེད་པའི་རླངས་འཁོར་དང་གྲུ་གཟེངས་ཀྱི་སྤ་སེ་ཉོ་རོགས་བྱེད་པ་སོགས་ཡིན།

        གྲོང་ཁྱེར་ནང་རང་གི་ལས་ཡུལ་བདམས་ནས་ལས་ཀ་འཚོལ་མཁན་ཞིང་པ་དང་འབྲོག་པས་གཤམ་གྱི་ཐབས་ལམ་བརྒྱུད་དེ་ལས་ཀ་འཚོལ་ཆོག་པ་སྟེ།

        ●ལས་ཡུལ་གྱི་ངལ་རྩོལ་འགན་ལེན་སྡེ་ཚན་དང་མི་དོན་སྡེ་ཚན་གྱིས་གཙོ་གཉེར་བྱས་པའི་ལས་རིགས་སྒྲིག་གཞིས་ལས་རིགས་ངོ་སྤྲོད་བྱེད་དགོས།

        ●སྤྱི་ཚོགས་ཀྱི་ཚོགས་པ་དང་།ཁྲོམ་གཞུང་།སྡེ་ཁུལ་སོགས་ཀྱིས་གཉེར་བའི་སྤྱི་ཚོགས་ལས་རིགས་སྒྲིག་གཞིས་ལས་རིགས་ངོ་སྤྲོད་བྱེད་དགོས།

        ●སྤུན་མཆེད་གྲོགས་པོའམ་ཡང་ན་ཕ་ཡུལ་གཅིག་པ་བརྒྱུད་ནས་ལས་ཀ་ངོ་སྤྲོད་བྱེད་དགོས།

        ●རྒྱང་བསྒྲགས་དང་།བརྙན་འཕྲིན།ཚགས་པར།དུས་དེབ།དྲ་སྦྲེལ་སོགས་སྨྱན་སྦྱོར་བརྒྱུད་དེ་མི་སྤྱོད་ཀྱི་ཆ་འཕྲིན་རྟོགས་པ་བྱས་ནས་མི་སྤྱོད་ཚན་པར་རང་འགུལ་ངང་གདན་ཞུ་དང་ལེན་བྱེད་པར་སྐྱོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།