དབུ་ཤོག>ཞིང་འབྲོག་གསར་པ།>ལས་མིའི་ལྡུམ་རྭ།>ཇི་ལྟར་བྱས་ཏེ་བདེ་འཇགས་ངང་ཐོན་སྐྱེད་བྱེད་དགོས་སམ།
  • གྲོང་ཁྱེར་དུ་ལས་ཀ་འཚོལ་མཁན་གྱིས་ཇི་ལྟར་བྱས་ཏེ་བདེ་འཇགས་ངང་ཐོན་སྐྱེད་བྱེད་དགོས་སམ།

    བདེ་འཇཌ་ངང་ཐོན་སྐྱེད་བྱེད་པའི་འོས་འགན་ངེས་པར་དུ་བློ་ལ་ངེས་པ་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-05-30
      • ངལ་རྩོལ་པས་བདེ་འཇགས་ངང་ཐོན་སྐྱེད་བྱེད་དབང་ལོངས་སྤྱོད་བྱེད་པ་དང་ཕྱོགས་མཚུངས་དེ་མཚུངས་ཀྱི་བདེ་འཇགས་ངང་ཐོན་སྐྱེད་བྱེད་པའི་འོས་འགན་རང་རྟོགས་ངང་ལག་ལེན་བསྟར་དགོས་པ་གཙོ་གནད་ནི།

        ●ཐོན་སྐྱེད་དང་ངལ་རྩོལ་བྱེད་རིང་ཚན་པ་དེ་རང་གི་བདེ་འཇགས་ཐོན་སྐྱེད་ཀྱི་སྒྲིག་སྲོལ་ལམ་ལུགས་དང་བཀོལ་སྤྱོད་ལམ་ལུགས་ལ་བརྩི་སྲུང་ནན་པོ་ཞུས་ཏེ་དོ་དམ་དང་ལེན་བྱེད་པ་དང་།

        ●བདེ་འཇགས་ངང་ཐོན་སྐྱེད་བྱེད་པའི་ཤེས་བྱ་སློབ་སྦྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་བདེ་འཇགས་བཀོལ་སྤྱོད་ཀྱི་རྩལ་ནུས་གོང་མཐོར་ཧུར་ཐག་གཏོང་བ།

        ●ངལ་རྩོལ་པའི་འགོག་སྲུང་མཁོ་ཆས་ཡང་དག་ངང་འདོགས་པ་དང་སྤྱོད་རྒྱུ་ནི་ངལ་རྩོལ་མཁན་གྱི་བདེ་འཇགས་ཐོན་སྐྱེད་བྱེད་དབང་ཡིན་ལ་ངལ་རྩོལ་མཁན་ཚང་མའི་བདེ་འཇགས་ཐོན་སྐྱེད་བྱེད་པའི་འོས་འགན་ཞིག་ཀྱང་ཡིན་པ།

        ●དོན་རྐྱེན་གྱི་མི་མངོན་པའི་རྐྱེན་ངན་ནམ་ཡང་ན་བདེ་འཇགས་མེད་པའི་རྒྱུ་རྐྱེན་གཞན་དག་འཕྲད་སྐབས་འཕྲལ་མར་ས་གནས་ས་ཐོག་གི་བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་མི་སྣའམ་ཡང་ན་ཚན་པ་དེ་རང་གི་འགན་འཁུར་བར་སྙན་སེང་ཞུ་དགོས་པ་དང་སྙན་སེང་འབྱོར་མཁན་གྱིས་དུས་ཐོག་ཏུ་ཐག་གཅོད་བྱེད་པ་བཅས་ཚུད་ཡོད།

        --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།