དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • བོད་ལྗོངས་ཀྱིས་འདྲུད་འཐེན་འཕྲུལ་འཁོར་ལ་ཐོ་བཀོད་དོ་དམ་བྱེད་པའི་ཚོད་ལྟའི་ལས་དོན་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-30

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་རྩེ་ཆེན་ཤང་ནུབ་སྟོད་གྲོང་ཚོར་འཚོགས་པའི་འདྲུད་འཐེན་འཕྲུལ་འཁོར་གྱི་འཁོར་བྱང་སྤྲོད་པའི་མཛད་སྒོར་གཞིས་རྩེ་གྲོང་ཁྱེར་ཞིང་འཕྲུལ་ལྟ་འདོམས་སྡེ་ཚན་གྱིས་འདྲུད་འཐེན་འཕྲུལ་འཁོར་8ལ་འཁོར་བྱང་སྤྲད་པ་ལས། རང་ལྗོངས་ཀྱི་འདྲུད་འཐེན་འཕྲུལ་འཁོར་ཐོ་བཀོད་དོ་དམ་གྱི་ཚོད་ལྟའི་ལས་དོན་དངོས་སུ་སྤེལ་བ་མཚོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འདྲུད་འཐེན་འཕྲུལ་འཁོར་ལ་ཐོ་བཀོད་དོ་དམ་གྱི་ཚོད་ལྟའི་ལས་དོན་ནི“བདེ་འཇགས་ཞིང་འཕྲུལ”འཛུགས་གཏོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་དང་། ཞིང་འཕྲུལ་གྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་འགོག་པའི་ཐབས་ལམ་གལ་ཆེན་ཞིག་རེད། འདྲུད་འཐེན་འཕྲུལ་འཁོར་གྱི་འཁོར་བྱང་ལ་དོ་དམ་བྱེད་པ་ནི་གཞིས་རྩེ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱིས་རིག་ལྡན་ཞིང་ལས་འཛུགས་སྐྱོང་བྱེད་པའི་ལྷུ་ཚིགས་གལ་ཆེན་ཞིག་རེད། འདྲུད་འཐེན་འཕྲུལ་འཁོར་ལ་སྒྲིག་སྦྱོར་བྱས་པའི་ཆ་འཕྲིན་གྱི་མཐའ་སྣེ་བརྒྱུད་གྲངས་འཛིན་ལྟེ་གནས་ཀྱིས་འདྲུད་འཐེན་འཕྲུལ་འཁོར་གྱི་ལས་སྒྲུབ་རྗེས་ཤུལ་དང་ལས་ཀའི་སྤུས་ཚད་ལ་ལྟ་ཞིབ་བྱས་ཏེ་ཞིང་འཕྲུལ་ཐོན་ཁུངས་ལུགས་མཐུན་བཀོལ་སྤྱོད་བྱེད་པར་ནུས་པ་གལ་ཆེན་འདོན་ཐུབ་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།