དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • སྡོད་ཁང་འགན་ལེན་སྲིད་ཇུས་ཀྱིས། དམངས་ཀྱི་བདེ་སྡོད་ཕུགས་འདུན་གྲུབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-29
      • འདི་ནི་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་གྲོང་རྡལ་གྱི་རྣམ་པ་ཡིན་པ།

        འདི་ནི་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་ཡིན་པ།

        སྡོད་ཁང་གི་གནད་དོན་ནི་ཁྱིམ་ཚང་ཁྲི་སྟོང་མང་པོའི་གཞི་རྩའི་འཚོ་བ་འགན་ལེན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་ལ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་འབྲེལ་བའི་དམངས་འཚོའི་གནད་དོན་ཞིག་དང་། འཕེལ་རྒྱས་ཀྱི་གནད་དོན་ཞིག་ཀྱང་རེད།

        ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་སྡོད་ཁང་གི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། 2021ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་མགྱོགས་མྱུར་འཕེལ་རྒྱས་གཏོང་བའི་སྐོར་གྱི་བསམ་འཆར》བཀྲམ་ནས། འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་འཕེལ་རྒྱས་གཏོང་རྒྱུའི་སྲིད་ཇུས་གསར་པ་བཏོན་པ་རེད། 2022ལོར་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ལྗོངས་ནོར་སྲིད་ཐིང་དང་ལྗོངས་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་8དང་མཉམ་འབྲེལ་གྱིས《འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། རང་ལྗོངས་ཀྱི་འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་འཛུགས་སྐྲུན་བྱ་ཡུལ་གྱི་ཚད་གཞི་དང་། གྲབས་གསོག་བྱེད་ཐབས། རྒྱབ་སྐྱོར་སྲིད་ཇུས། ལས་ཀའི་བླང་བྱ་སོགས་ཀྱི་ཆ་རྐྱེན་ཁ་གསལ་བཟོས་པ་དང་། འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། སྡོད་ཁང་གི་ཁྲོམ་རའི་མ་ལག་དང་སྡོད་ཁང་གི་འགན་ལེན་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཡོད།

        འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་སྡོད་ཁང་འཛུགས་སྐྲུན་ལས་དོན་གྱི་གཙོ་གནད་ཅིག་ཀྱང་ཡིན། རང་ལྗོངས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་གཉིས་པོ་འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་འཕེལ་རྒྱས་གཏོང་བའི་གྲོང་ཁྱེར(བོད་ལྗོངས་དང་མཚོ་སྔོན་བཟོ་ལས་གླིང་ཚུད)ཁག་དང་པོར་བཅུག་པ་མ་ཟད། འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ཁོངས་མིའི་ཚན་པ་ཁག་ལ་འགན་འཁྲི་ཁག་བགོས་བྱས་པ་རེད།

        རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གིས“གཞི་རྩ་འགན་ལེན”གྱི་རྩ་དོན་གཞིར་བཟུང་། འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་དེ་གཙོ་བོ་ཆ་རྐྱེན་དང་མཐུན་པའི་གྲོང་མི་གསར་པ་དང་གཞོན་ནུ་སོགས་ལ་ཕྱོགས་ནས་ཚོགས་སྤྱི་དེ་རིགས་ཀྱི་སྡོད་ཁང་གི་དཀའ་ངལ་ཐག་གཅོད་བྱེད་ཀྱི་ཡོད། འཛུགས་སྐྲུན་གྱི་རྒྱ་ཁྱོན་མང་ཆེ་བ་སྨི་ངོས་གྲུ70ལས་མི་བརྒལ་བའི་སྡོད་ཁང་ཆུང་གྲས་ཡིན་ཞིང་། “ཁང་པ་གླ་ཐུབ་པ་དང་རྒྱུན་མཐུད་ནས་གླ་ཐུབ་པའི”རྩ་དོན་ལྟར། ས་ཁོངས་གཅིག་པ་དང་སྡོད་ཁང་གི་མཐུན་རྐྱེན་གཅིག་མཚུངས་ཀྱི་ཁྲོམ་རའི་བོགས་གཏོང་ཁང་གླ་ལས་དམའ་བ་ཡོང་བར་བྱས་ཡོད།

        འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་འཕེལ་རྒྱས་གཏོང་བ་ནི“དོན་ཆེན་བཞི”ལ་དམ་འཛིན་ཡག་པོ་བྱེད་པ་དང་། “འགན་ལེན་བཞི”མངོན་འགྱུར་བྱེད་པ། “འཛུགས་གཏོད་བཞིར”སྐུལ་འདེད་ཤུགས་ཆེན་གཏོང་བ། “མདུན་གྲལ་དུ་སླེབས་པ་བཞི”ཡོང་བ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དང་། སྡོད་ཁང་འགན་ལེན་གྱི་ཁྱབ་ཁྱོན་སྔར་བས་ཆེ་རུ་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྡོད་ཁང་གི་དཀའ་ངལ་ཐག་གཅོད་ནུས་ལྡན་ཐུབ་རྒྱུ་རེད།

        འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་གི་སྲིད་ཇུས་དྲིལ་བསྒྲགས་སྤྱི་ཡོངས་ལ་ཁྱབ་པར་བྱས་ནས། མི་སེམས་ལ་གཏིང་ཟབ་ཟུག་པ་དང་འདོད་མཐུན་ཚན་པའི་འཛུགས་སྐྲུན་གྱི་སེམས་ཤུགས་འཕེལ་བར་བྱ་ཆེད། རང་ལྗོངས་ཀྱི་སྡོད་ཁང་འཛུགས་སྐྲུན་སྡེ་ཚན་གྱིས་དྲ་ཚུགས་གཙོ་བོར་སྲིད་ཇུས་ཀྱི་ནང་དོན་ཡོངས་བསྒྲགས་བྱས་པ་དང་སྦྲགས། གསར་འགྱུར་སྨྱན་སྦྱོར་གྱི་ཁྱབ་ཁོངས་ཆེན་པོ་བརྒྱུད“ཅི་ཞིག་ལ་འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང”ཟེར་བ་སོགས་ཀྱི་སྲིད་ཇུས་ལ་གསལ་འགྲེལ་བྱས་ནས་སྲིད་ཇུས་ཤེས་རྟོགས་ཐུབ་ཚད་སྔར་བས་མཐོ་རུ་བཏང་ཡོད།

        དྲིལ་བསྒྲགས་གཏིང་ཟབ་བྱས་པ་དང་ཆབས་ཅིག སྲིད་ཇུས་དོན་འཁྱོལ་ལ་དུས་གཅིག་ཏུ་སྐུལ་འདེད་གཏོང་བཞིན་ཡོད། རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་ལ་ཡོངས་བསྒྲགས་དང་། བསྡུ་རུབ། སྤྱི་བསྒྲགས་སྤེལ་བ་བཅས་ཀྱི་རྣམ་པའི་ཐོག་ནས་མཐིལ་རྟོགས་བརྟག་ཞིབ་བྱེད་དགོས་པ་དང་། འགན་ལེན་རང་བཞིན་གྱི་བོགས་གཏོང་ཁང་པ་འཛུགས་སྐྲུན་ཁྲོད་དུ་ཞུགས་འདོད་ཡོད་པའི་ཚན་པ་ཐོ་འགོད་བྱས་ཏེ། རྣམ་གྲངས་འདུན་ཞུའི་རེའུ་མིག་བསྡུ་རུབ་དང་ཞིབ་འཇུག་གི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་དང་། 《2022ལོའི་འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་འཛུགས་སྐྲུན་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་གང་མགྱོགས་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》དང《2023ལོའི་འགན་ལེན་རང་བཞིན་གྱི་སྡོད་ཁང་དང་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་རྣམ་གྲངས་ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་ཚུགས་བྱེད་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ། ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་ལ་འབྲེལ་ཡོད་སྲིད་ཇུས་བཟོ་བ་དང་དུས་མཚུངས། འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་གང་མགྱོགས་སྤེལ་ཏེ། ལོ་འདིའི་ནང་ལས་འགོ་འཛུགས་ཐུབ་པའི་འགན་ལེན་བྱས་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

        ཤེས་རྟོགས་བྱུང་བར་གཞིགས་ན། 2022ལོ་དང་2023ལོ་འཁོར་གྱི་འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་གི་རྣམ་གྲངས་འཛུགས་སྐྲུན་འཆར་འགོད་ཚང་མ་གཤམ་སྤྲོད་བྱས་ཟིན་ཞིང་། 2022ལོར་འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་གི་རྣམ་གྲངས་2དང་ཁང་པ་852གསར་དུ་བསྐྲུན་པ་དང་། 2023ལོར་འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་གི་རྣམ་གྲངས་1དང་ཁང་པ་210གསར་དུ་བསྐྲུན་ཡོད།

        སྤུས་འབོར་གཉིས་ལྡན་གྱི་འཛུགས་སྐྲུན་ལས་འགན་ལེགས་སྒྲུབ་བྱ་ཆེད། ལྷ་ས་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་དང་གཞིས་རྩེ་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་གྲལ་བཤེར་བརྟག་ཞིབ་ཀྱི་་ནང་དོན་དང་ཟུང་འབྲེལ་ཧུར་ཐག་བྱས་པ་དང་། འབྲེལ་ཡོད་ཇུས་གཞི་བཟོས་པ་དང་བྱེད་ཐབས་སྣ་ཚོགས་སྤྱད་དེ་མཉམ་སྡེབ་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཆ་དང་། ཁེ་ལས་བྱ་གཞག་ཚན་པ་དང་ནུས་པའི་གླིང་གི་རང་བདག་བེད་མེད་ས་ཆ། གསར་སྤེལ་ཁེ་ལས་ཀྱི་རང་བཟུང་ས་ཆ་སོགས་གཙོ་གནད་ཐོག་བེད་སྤྱོད་ཀྱིས་འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་གི་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་སྟེ། སྲིད་ཇུས་ས་ཁུལ་དེ་གར་དོན་འཁྱོལ་གནད་སྨིན་ཡོང་བའི་འགན་ལེན་བྱས་པ་རེད།

        མིག་སྔའི་བར་འབྲེལ་ཡོད་གྲོང་ཁྱེར་དང་ས་ཁུལ་གྱིས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་བསམ་འཆར་བཀྲམ་པ་དང་། འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ། རྣམ་གྲངས་ཀྱི་ཁས་ལེན་ཡི་གེ་ཁ་གསལ་བཟོ་བ་དང་ཡུལ་དེའི་གྲབས་གསོག་ཐབས་ལམ་དང་། འདུན་ཞུའི་ཆ་རྐྱེན། ལས་ཀའི་བླང་བྱ་སོགས་ཀྱི་ཆ་རྐྱེན་གཏན་འཁེལ་བྱས་ཡོད། མིག་སྔར་2023ལོའི་འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་གི་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།