དབུ་ཤོག>ཞིང་འབྲོག་གསར་པ།>ཁྱད་ལྡན་ཐོན་ཟོག
  • ཞིབ་སྤེལ་གསར་གཏོད་བྱས་ནས་ཐོན་ལས་དར་རྒྱས་བཏང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-05-29
      • ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་སྲོལ་རྒྱུན་མི་རིགས་ཐོན་ལས་འཕེལ་རྒྱས་མྱུར་པོ་ཕྱིན་ནས་ཁྱད་ལྡན་ཐོན་རྫས་ཐོན་སྐྱེད་དང་། ལས་སྣོན། བྲིན་ཚོང་བཅས་ཟུང་འབྲེལ་ནུས་ལྡན་དང་ཕན་ཚུན་སྐུལ་འདེད་ཀྱི་ལམ་སྲོལ་བཙུགས་པས་རང་ལྗོངས་ཀྱི་ཞིང་འབྲོག་པའི་ལས་གཏོད་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་པའི་ཐབས་ལམ་ཞིག་ཏུ་གྱུར་ཡོད། བོད་ལྗོངས་ཧྲེང་ཤིན་བཟོ་ཚོང་ཚད་ཡོད་ཀུང་སི་ནི་བོད་རང་ནས་ཐོན་པའི་བལ་དང་། གཡག་ཁུལ། ར་ཁུལ་བཅས་ཀྱི་ཐོན་རྫས་ཉོ་སྒྲུབ་དང་། ཞིབ་སྤེལ། ལས་སྣོན་ཞིབ་ཚགས། བྲིན་ཚོང་། ཕྱིར་གཏོང་བཅས་བྱེད་པའི་རང་ཡུལ་གྱི་ཁེ་ལས་ཤིག་རེད། ཁེ་ལས་དེས་རང་ལྗོངས་ཀྱི་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་གཡག་ཁུལ་དང་། ར་ཁུལ། བལ་བཅས་ཀྱི་ཐོན་རྫས་སྣ་ཁ་50ལྷག་ཙམ་ཞིབ་སྤེལ་ཐོན་སྐྱེད་བྱས་པར་ཐོན་རྫས་ཀྱི་བྲིན་ཚོང་དངུལ་འབོར་སྒོར་ཁྲི་2000ལྷག་ཙམ་ཟིན་ཡོད། འདི་ནི་བོད་ལྗོངས་ཧྲེང་ཤིན་བཟོ་ཚོང་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་ལས་མིས་ལས་ཀ་བྱེད་བཞིན་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།