དབུ་ཤོག>ཞིང་འབྲོག་གསར་པ།>དམངས་ཕན་སྲིད་ཇུས།
  • རྒན་ཡོལ་ཞུ་མཁན་རྣམས་ལ་གཏམ་བཟང་ཞིག་ཡོད། དངུལ་འདི་འཕར་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2023-05-29
      • ཚེས་22ཉིན། མི་སྤྱི་པུའུ་དང་ནོར་སྲིད་པུའུ་ཡིས《2023ལོའི་རྒན་ཡོལ་ཞུ་མཁན་གྱི་གཞི་རྩའི་རྒན་གསོའི་དངུལ་ལེགས་སྒྲིག་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ཞིང་། 2023ལོའི་ཟླ་1ཚེས་1ཉིན་ནས་བཟུང་། 2022ལོའི་ལོ་མཇུག་གོང་། གཏན་འབེབས་ལྟར་རྒན་ཡོལ་ཞུ་བའི་འགྲོ་ལུགས་གཉེར་ཟིན་པ་མ་ཟད། ཟླ་རེར་གཞི་རྩའི་རྒན་གསོའི་དངུལ་ལེན་མཁན་གྱི་ཁེ་ལས་དང་། ལས་ཁུངས། བྱ་གཞག་ཚན་པའི་རྒན་ཡོལ་ཞུ་མཁན་གྱི་གཞི་རྩའི་རྒན་གསོའི་དངུལ་སྤོར་རྒྱུ་ཡིན་ཞིང་། སྤྱིའི་ལེགས་སྒྲིག་བྱེད་ཚད་ནི་2022ལོའི་རྒན་ཡོལ་ཞུ་མཁན་གྱི་ཟླ་རེར་མི་རེའི་ཆ་སྙོམས་གཞི་རྩའི་རྒན་གསོའི་དངུལ་གྱི་3.8%ཡིན་པ་ཁ་གསལ་བཏོན་ཡོད།

        མི་སྤྱི་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ལེགས་སྒྲིག་ལ་མུ་མཐུད་བཅད་གྲངས་ལེགས་སྒྲིག་དང་། འབྲེལ་མཐུད་ལེགས་སྒྲིག གཟིགས་སྐྱོང་འོས་འཚམ་བཅས་ཟུང་འབྲེལ་གྱི་ལེགས་སྒྲིག་བྱ་ཐབས་སྤྱད་ཅིང་། བཅད་གྲངས་ལེགས་སྒྲིག་གིས་སྤྱི་ཚོགས་དྲང་གཞག་དེ་ས་ཁུལ་ཞིག་གི་རྒན་ཡོལ་ཞུ་མཁན་གྱི་ལེགས་སྒྲིག་ཚད་གཞི་དང་གཅིག་མཚུངས་ཡིན་པ་མཚོན་པ་དང་། འབྲེལ་མཐུད་ལེགས་སྒྲིག་གིས“མང་པོ་བསྐྱལ་ན་མང་པོ་ལེན་རྒྱུ་ཡོད་པ”དང“ཡུན་རིང་བསྐྱལ་ན་མང་པོ་ལེན་རྒྱུ་ཡོད་པ”དང་། ལས་ཀ་ཞུགས་རིང་གྲོན་དངུལ་མང་ཙམ་བསྐྱལ་བ་དང་ཡུན་རིང་སྐྱེལ་མཁན་ལ་རྒན་གསོའི་དངུལ་མང་ཙམ་ལེན་རྒྱུ་ཡོད་པ་མཚོན་པ། གཟིགས་སྐྱོང་འོས་འཚམ་གྱིས་གཙོ་གནད་གཟིགས་སྐྱོང་བྱེད་པ་དང་། ལོ་ན་མཐོ་བའི་རྒན་ཡོལ་ཞུ་མཁན་དང་དཀའ་ཚེགས་ཆེ་བའི་ཐག་རིང་ལུང་ཁུག་ས་ཁུལ་གྱི་རྒན་ཡོལ་ཞུ་མཁན་སོགས་ལ་ལྟ་རྟོག་བྱེད་པ་མཚོན་གྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།