ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་གཞི་རིམ་ལ་དམ་འཛིན་དང་། རྨང་གཞི་བརྟན་དུ་གཏོང་བ། རྩ་བ་བརྟན་དུ་གཏོང་བ་བཅས་ལ་དམིགས་ཤིང་། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་། ལས་བྱེད་པའི་དཔུང་ཁག་སྟོབས་ཆེར་གཏོང་བ། གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པ། གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པ་བཅས་བརྒྱུད་ནས། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་ལས་དོན་ཞིབ་ཚགས་བསྒྲུབས་པ་དང་། སྣེ་ཁྲིད་ཀྱི་ནུས་པ་བཏོན་ཏེ་ཏང་འཛུགས་སྐྱོང་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་བ་རེད།
ལྷོ་ཁ་གྲོང་ཁྱེར་གྱིས་སྣེ་གཉིས་ལ་དམ་འཛིན་དང་བར་ལ་སྣེ་ཁྲིད་ཀྱི་བསམ་ཕྱོགས་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས་ཆེན་པོ་བཅུ་བཏོད་པ་དང་། ཏང་འཛུཌ་སྐྱོང་གི་དཔེ་སྟོན་ས་ཚིཌ་120བསྐྲུན་ཡོད། རིགས་དབྱེའི་གསོ་སྦྱོང་མཐའ་འཁྱོངས་ཀྱིས་གསོ་སྦྱོང་ལ་དམ་འཛིན་དང་རྒྱུན་དུ་སྤྱོད་པར་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་མི་ཤེས་མཁན་གྱི་གྲོང་ཚོའི་ལས་བྱེད་པའི་མི་གྲངས་དུས་མཚུངས་ལས་བརྒྱ་ཆའི་གྲངས་10ཆག་ཅིང་། “གསར་གཉིས”ཁྱབ་ཁོངས་ཀྱི“ཁེབས་པ་གཉིས”ཀྱི་འགག་སྒྲོལ་བྱ་སྤྱོད་ལ་སྐུལ་འདེད་བཏང་སྟེ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ཀྱི་ཏང་རྩ་འཛུགས་སུ“ཡོད་པ་གསུམ”གྱི་ཚད་གཞི་ལོན་ཚད་79.4%ཟིན་པ་རེད།
ཏང་དོན་ལས་དོན་མི་སྣའི་ལས་གནས་ཀྱི་སློབ་སྦྱོང་ཆེན་པོ་དང་། སྦྱོང་བརྡར་ཆེན་པོ། འགྲན་བསྡུར་ཆེན་པོ་བཅས་ཀྱི་བྱེད་སྒོ་དང་། གཞི་རིམ་ལས་བྱེད་པ་ལྗོངས་ཕྱིར་སློབ་སྦྱོང་དང་སྤེལ་རེས་ཀྱི་བྱེད་སྒོ་ཧུར་ཐག་སྤེལ་ཞིང་། གྲོང་ཚོའི་ལས་བྱེད་པའི“གཅིག་སྡུད་ལས་སྒྲུབ་ཉིན་མོ”ཚོད་ལྟའི་ངང་སྤེལ་ཏེ། ལྷོ་ཁ་གྲོང་ཁྱེར་གྱི་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་38ལེགས་སྒྲིག་ཐུབ་ནས་གཞི་རིམ་ལས་བྱེད་པའི་འཇོན་ཐང་དང་བྱང་ཚད་སྔར་བས་མཐོ་རུ་དང་། མཐོང་རྒྱ་ཆེ་རུ། དམངས་ལ་བྱ་བ་སྒྲུབ་པའི་ལས་ཕྱོད་ལེགས་སུ་གཏོང་རོགས་བྱས་པ་རེད།
གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་ཐད། ལྷོ་ཁ་གྲོང་ཁྱེར་གྱིས་ལས་བྱེད་པ་7000ལྷག་ཙམ་མངགས་ནས་གྲོང་གསེབ་དར་རྒྱས་ལ་སྣེ་ཁྲིད་བྱེད་པའི་རྐང་འཛིན་དུ་གྱུར་པ་དང་། “ཏང་འཛུགས་སྐྱོང་ལ་དམ་འཛིན་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་ཚན་20”ཡི་བྱ་ཐབས་ཞིབ་ཕྲ་བཏོན་པ་དང་། གཞི་རིམ་ལས་བྱེད་པར་གྲོང་གསེབ་དར་རྒྱས་ཀྱི་བརྗོད་དོན་གཙོ་བོའི་གསོ་སྦྱོང་བྱས་ཏེ། ཏང་ཡོན་གྱིས་ཞིང་འབྲོག་པའི་མཉམ་ལས་ཁང་500ལྷག་ཙམ་སྣེ་ཁྲིད་དེ་གཉེར་བ་དང་ཕྱུག་འགྱུར་རྣམ་གྲངས་800ལྷག་ཙམ་བཏོད་ཡོད། མ་དངུལ་དང་ཐོན་ཁུངས་བསྡུ་སྒྲིལ་དང་དཔེ་མཚོན་ཉམས་མྱོང་ཁྱབ་གདལ་བཏང་སྟེ། ལོའི་ཡོང་འབབ་སྒོར་ཁྲི་5དང་སྒོར་ཁྲི་50ཡན་གྱི་གྲོང་ཚོ་74.8%དང་12.2%ཟིན་པར་སྣེ་ཁྲིད་བྱས་པ་རེད།