དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ལྗོངས་ཀྱི་རྣམ་གྲངས་7རྒྱལ་ཁབ་ཀྱི་ཞིང་ལས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་རྣམ་གྲངས་ཀྱི་འཛུགས་གཏོད་མིང་ཐོའི་ནང་ཚུད་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-05-24

    ཉེ་ཆར། ཞིང་ལས་དང་གྲོང་གསེབ་པུའི་གཞུང་དོན་ཐིང་དང་ནོར་སྲིད་པུའི་གཞུང་དོན་ཐིང་གིས་2023ལོའི་ཞིང་ལས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་རྣམ་གྲངས་ཀྱི་འཛུགས་གཏོད་མིང་ཐོ་ཡོངས་བསྒྲགས་བྱས་པའི་ནང་བོད་ལྗོངས་ཀྱི་རྣམ་གྲངས་7ཡོད་པ་རེད། དེའི་ཁྲོད་བོད་ལྗོངས་སྨར་ཁམས་དེང་རབས་ཞིང་ལས་ཐོན་ལས་གླིང་དེ་ཉིད་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་འཛུགས་གཏོད་ཀྱི་མིང་ཐོའི་ནང་ཚུད་པ་དང་། བོད་རང་སྐྱོང་ལྗོངས་འབྲི་གཡག་ཐོན་ལས་ཚོ་འདུས་དེ་ཉིད་ལེགས་ལྡན་ཁྱད་ལྡན་ཐོན་ལས་ཚོ་འདུས་འཛུགས་སྐྲུན་གྱི་མིང་ཐོའི་ནང་ཚུད་པ། སྨན་གླིང་གྲོང་ཁྱེར་ཆབ་ནག་ཤང་དང་། རྒྱ་ཚ་རྫོང་རྒྱ་ཚ་གྲོང་རྡལ། སྣང་རྫོང་སྣང་གྲོང་རྡལ། སྣ་དཀར་རྩེ་རྫོང་སྟག་ལུང་གྲོང་རྡལ། ལྷོ་བྲག་རྫོང་རྫ་ར་ཤང་བཅས་ཞིང་ལས་ཐོན་ལས་ཀྱི་གྲོང་རྡལ་སྟོབས་ཆེན་འཛུགས་གཏོད་ཀྱི་མིང་ཐོའི་ནང་ཚུད་པ་བཅས་རེད། མིག་སྔའི་བར། བོད་ལྗོངས་ཡོངས་ཀྱིས་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་8དང་། ལེགས་ལྡན་ཁྱད་ལྡན་ཐོན་ལས་ཚོ་འདུས་5 ཞིང་ལས་ཐོན་ལས་ཀྱི་གྲོང་རྡལ་སྟོབས་ཆེན་རྣམ་གྲངས་23བཅས་གྲུབ་འབྲས་ཐོབ་པའི་ངང་འདུན་ཞུ་བྱས་ནས་འཛུགས་གཏོད་བྱས་པ་རེད།

    བོད་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་རྣམ་གྲངས་ལག་བསྟར་ལ་སྔར་བས་སྐུལ་འདེད་ཏན་ཏིག་བཏང་ནས་ལས་སྒོའི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། “ཡུལ་ཟོག”ལས་དོན་ཡག་པོ་སྒྲུབ་པ། གྲོང་གསེབ་ཀྱི་ཐོན་ཁུངས་གསར་སྤེལ་བྱེད་པ། ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱེད་པ། གཙོ་ཁྲིད་ཐོན་ལས་ལ་དམིགས་པ། ཞན་ཆ་སེལ་བ། གྲོང་གསེབ་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་དང་། ཞིང་ལས་མཉམ་འབྲེལ་གྱིས་ཞིང་ལས་ལ་སྐུལ་ཁྲིད་དང་ཁེ་ཕན་མཉམ་འབྲེལ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། འཛུགས་སྐྲུན་གྱི་ཆུ་ཚད་དང་སྤུས་ཚད་མཐོ་རུ་བཏང་ནས་དུས་ཐོག་ཏུ་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་འཛུགས་སྐྲུན་ལས་དོན་ལེགས་སྒྲུབ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།