དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་གློག་བརྙན་ཐུང་གྲས་ཐོག་མ་སྟོན་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-18

    ཉེ་ཆར། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་ཇུས་འགོད་བྱས་པའི་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་གློག་བརྙན་ཐུང་གྲས《རླུང་ལྟར་གྱི་ཕྲུ་གུ》ཞེས་པ་དངོས་སུ་སྟོན་འགོ་ཚུགས་པ་རེད།

    གློག་བརྙན་དེའི་ནང་། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་རྭ་ཤང་སྦྲུལ་མདའ་གྲོང་ཚོའི་གཞིས་ལུས་བྱིས་པ་རྡོ་རྗེའི་གཏམ་རྒྱུད་བརྗོད་ཡོད། ཁོ་པའི་བསམ་འདུན་ཆེ་ཤོས་ནི་གྲོང་ཁྱེར་དུ་གླ་པར་ཕྱིན་པའི་ཕ་མ་ཁྱིམ་དུ་ལོག་ནས་ཁོ་པ་དང་མཉམ་དུ་གཟའ་མཇུག་གཏོང་རྒྱུ་དེ་རེད།

    གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས། བོད་ཀྱི་གུང་གཞོན་སྡེ་ཚོགས་ཀྱིས་གཞོན་ནུ་ལོ་ཆུང་གི་སེམས་ཁམས་བདེ་ཐང་ལ་སེམས་ཁུར་དང་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བར་ཞབས་འདེགས་ཞུ་བའི་ལས་ཀའི་གཙོ་རྐང་མཐའ་འཁྱོངས་ཀྱིས་གློག་བརྙན་ཐུང་གྲས་དེ་ཇུས་འགོད་བྱས་པ་ཞིག་རེད། དེའི་དམིགས་ཡུལ་ནི་སྤྱི་ཚོགས་ཡོངས་ཀྱིས་གཞིས་ལུས་བྱིས་པའི་ཚོགས་སྤྱིར་ཐུན་མོང་ཐོག་སེམས་ཁུར་དང་གཅེས་སྐྱོང་བྱས་ནས་ལོ་ཆུང་བྱིས་པ་ཚང་མར་དྲོ་སྐྱིད་ལྡན་པའི་ལྟ་སྐྱོང་ཐོབ་པའི་རེ་བ་ཡོད་ཅེས་ངོ་སྤྲོད་བྱས།

    ཤེས་རྟོགས་བྱུང་བར་གཞིགས་ན། གློག་བརྙན་དེ་དངོས་སུ་བསྟན་རྗེས་ཀྱི་ཉིན་གཉིས་ནང་དྲ་རྒྱ་ནས་ལྟ་མཁན་མི་ཐེངས་ཁྲི་100ཟིན་པ་དང་བསྔགས་བརྗོད་ཐོབ་ཚད་མི་ཐེངས་ཁྲི་2ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།