དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ཀྱིས་འབྲུ་རིགས་དང་འཕྲལ་སྡོམ་དངོས་ཟོག་གྲབས་གསོག་ལྟེ་གནས་4བསྐྲུན་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-13

    གཅིག་གྱུར་ནུས་ཆེའི་གྲབས་གསོག་འགན་ལེན་མ་ལག་བསྐྲུན་ཆེད། བོད་ཀྱིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་། ལྷ་ས་གྲོང་ཁྱེར་དང་། ཉིང་ཁྲི་གྲོང་ཁྱེར། གཞིས་རྩེ་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར་བཅས་སུ་འབྲུ་རིགས་དང་འཕྲལ་སྡོམ་དངོས་ཟོག་གྲབས་གསོག་ལྟེ་གནས་4བསྐྲུན་རྒྱུ་འཆར་འགོད་བྱས་པ་དང་། གཙོ་བོ་འཕྲལ་སྡོམ་དངོས་ཟོག་མཛོད་དང་། འབྲུ་རིགས་གྲབས་གསོག་མཛོད། འབྲུ་སྣུམ་ཅན་གྱི་ཚོད་ལྟ་ཁང་། འཕྲལ་སྡོམ་བཀོད་གཏོང་བཀོད་འདོམས་ལྟེ་གནས་བཅས་དང་དེ་བཞིན་ཞོར་གཏོགས་ལྷན་སྦྱར་སྒྲིག་བཀོད་སོགས་བསྐྲུན་ནས་ས་ཁོངས་ཀྱི་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་དང་། འཕྲལ་སྡོམ་སྡེབ་སྐྱེལ། སྤྱི་འདོམས་བཀོད་གཏོང་། མཉམ་འབྲེལ་མཁོ་སྤྲོད་འགན་ལེན་སོགས་ཀྱི་ལས་འགན་འཁུར་རྒྱུ་ཡིན་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་ཡོངས་ཀྱི་རྣམ་གྲངས་4ལ་མ་དངུལ་སྒོར་དུང་ཕྱུར་6.6གཏོང་རྩིས་ཡོད་པ་དང་། མིག་སྔར་མ་དངུལ་སྒོར་དུང་ཕྱུར་4.5དོན་འཁྱོལ་བྱས་པ་དང་རྣམ་གྲངས་4ཡི་འཕེལ་རིམ་བདེ་བླག་བྱུང་ཡོད། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་འབྲོམ་ཐོད་ཤང་པད་ནག་གྲོང་ཚོའི་རང་སྐྱོང་ལྗོངས་དང་གྲོང་ཁྱེར་གྱི་འབྲུ་རིགས་དང་འཕྲལ་སྡོམ་དངོས་ཟོག་གྲབས་གསོག་ལྟེ་གནས་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་1.19བཏང་བ་དང་སྔོན་དཔག་བྱས་ན་2024ལོའི་ཟླ་6པའི་ཟླ་མཇུག་ཏུ་ལེགས་སྒྲུབ་ཟིན་རྒྱུ་རེད། ཉིང་ཁྲི་གྲོང་ཁྱེར་འབྲུ་རིགས་དང་འཕྲལ་སྡོམ་དངོས་ཟོག་གྲབས་གསོག་ལྟེ་གནས་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་0.27བཏང་ཟིན་པ་དང་སྔོན་དཔག་བྱས་ན་2023ལོའི་ལོ་མཇུག་ཏུ་ཁྱོན་ཡོངས་ནས་ལེགས་སྒྲུབ་ཟིན་རྒྱུ་དང་། གཞིས་རྩེ་གྲོང་ཁྱེར་འབྲུ་རིགས་དང་འཕྲལ་སྡོམ་དངོས་ཟོག་གྲབས་གསོག་ལྟེ་གནས་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་0.45བཏང་ཟིན་པ་དང་སྔོན་དཔག་བྱས་ན་2024ལོའི་ལོ་མཇུག་ཏུ་ཁྱོན་ཡོངས་ནས་ལེགས་སྒྲུབ་ཟིན་རྒྱུ། ལྷོ་ཁ་གྲོང་ཁྱེར་འབྲུ་རིགས་དང་འཕྲལ་སྡོམ་དངོས་ཟོག་གྲབས་གསོག་ལྟེ་གནས་ཀྱི་དུས་འགོའི་ལས་དོན་སྤེལ་བཞིན་ཡོད་པ་རེད།

    རྣམ་གྲངས་ཚང་མ་བསྐྲུན་ཟིན་རྗེས་བོད་ཀྱི་ས་ཁོངས་ཀྱི་འབྲུ་རིགས་དང་དངོས་ཟོག་འཕྲལ་སྡོམ་འགན་ལེན་ལྟེ་གནས་ཀྱི་ཞན་ཆ་བསལ་བ་དང་། གྲབས་གསོག་བདེ་འཇགས་འགན་ལེན་གྱི་རྨང་གཞི་ཁྱོན་ཡོངས་ནས་བརྟན་དུ་གཏོང་བ། ཐོལ་བྱུང་དོན་རྐྱེན་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་འཇལ་བ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་འགན་ལེན་བྱ་རྒྱུ་རེད། བོད་རང་སྐྱོང་ལྗོངས་དང་གྲོང་ཁྱེར་གྱི་འབྲུ་རིགས་དང་འཕྲལ་སྡོམ་དངོས་ཟོག་གྲབས་གསོག་ལྟེ་གནས་རྣམ་གྲངས་བསྐྲུན་རྗེས་ལྷ་ས་གྲོང་ཁྱེར་གྱི་རྒྱུན་སྡོད་མི་འབོར་ལ་ཉིན་20ཡི་བཟའ་འབྲུ་མཁོ་འདོན་བྱ་རྒྱུའི་འབྲུ་རིགས་མཛོད་ཉར་དང་གནོད་འཚེ་ཕོག་པའི་མང་ཚོགས་ཁྲི་39བཀོད་སྒྲིག་བྱེད་པའི་གེགས་སེལ་དངོས་ཟོག་འགན་ལེན་ཐུབ་ནས་ལྷ་སའི་འབྲུ་རིགས་འཕྲལ་སྡོམ་མཁོ་སྤྲོད་དང་གེགས་སེལ་དངོས་ཟོག་འགན་ལེན་གྱི་ནུས་པ་ཆེ་རུ་ཏན་ཏིག་འགྲོ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།