དབུ་ཤོག>ཞིང་འབྲོག་གསར་པ།
  • “དུད་ཚང་ཀུན་ཁྱབ”ཀྱི་འདུ་འགོད་ལག་ལེན་བསྟར་བས་མང་ཚོགས་ལ་ཕན་པ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-01

    1c6ec236-5a3d-47fc-b99e-4f9f3c37998d.jpg.jpg

    འདི་ནི་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཚོས་དུད་ཚང་ཀུན་ཁྱབ་ཀྱི་འཕྲིན་ལམ་སྒྱུར་སྒམ་ལེན་བཞིན་པ།

    ཞིང་འབྲོག་མང་ཚོགས་ཀྱི་ཆ་འཕྲིན་བསྡུ་ལེན་གྱི་ཐབས་ལམ་ཡངས་སུ་གཏོང་ཆེད། ཟླ་4ཚེས་18ཉིན་ནས་བཟུང་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཨུད་དྲིལ་བསྒྲགས་པུའུ་དང་རྫོང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ནས་རྨམ་པ་ཤང་སྤོ་བ་ནང་གྲོང་ཚོ་དང་ཐེ་བ་ནང་གྲོང་ཚོར་བསྐྱོད་དེ། ས་གནས་དེ་གའི་དུད་ཚང་204ཡི་གྲོང་མིར་དུད་ཚང་ཀུན་ཁྱབ་ཀྱི་འཕྲིན་ལམ་སྒྱུར་སྒམ་ཐོན་གསར་པ་རིན་མེད་སྒྲིག་སྦྱོར་བྱས་ནས། ཞིང་འབྲོག་མང་ཚོགས་ཕྱི་རོལ་དང་འབྲེལ་བ་བྱེད་པའི་འབྲེལ་ཟམ་བསྐྲུན་ཏེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་གང་མགྱོགས་ཤེས་རྟོགས་བྱེད་པར་སྟབས་བདེ་བསྐྲུན་པས་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྣང་ཆེ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།