དབུ་ཤོག>ཞིང་འབྲོག་གསར་པ།
  • འབྲུ་འདེབས་ཞིང་པར་སྤྲོད་གཅིག་མའི་ཁ་གསབ་སྤྲད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-20

    ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་ཁྲོམ་རའི་རིན་གོང་འཕེལ་ཕྱོགས་དང་ཞིང་ལས་ཐོན་སྐྱེད་ཀྱི་དུས་བབ་ལ་སྤྱི་འདོམས་བསམ་གཞིག་བྱས་ནས།

    ཀྲུང་དབྱང་ནོར་སྲིད་ནས་ཉེ་ཆར་མ་དངུལ་སྒོར་དུང་ཕྱུར་100གཤམ་སྤྲོད་བྱས་ཏེ་འབྲུ་འདེབས་ཞིང་པར་སྤྲོད་གཅིག་མའི་ཁ་གསབ་སྤྲད་དེ། དཔྱིད་རྨོད་ཐོན་སྐྱེད་ལ་སྤྱི་འདོམས་རྒྱབ་སྐྱོར་བྱེད་པ་དང་ཞིང་པའི་འབྲུ་རིགས་འདེབས་པའི་ཧུར་སེམས་སྔར་བས་སྐུལ་སློང་བྱས་པ་རེད།

    ད་ཐེངས་ཀྱི་ཁ་གསབ་སྤྲོད་ཡུལ་འབྲུ་འདེབས་ཞིང་པ་ཡིན།

    འགན་གཙང་བླངས་པའི་རང་བདག་ས་ཞིང་ལ་འབྲུ་རིགས་འདེབས་མཁན་གྱི་ཞིང་པ།

    ནང་བཤུག་བཏང་བའི་ས་ཞིང་

    འདེབས་མཁན་དུད་ཆེན།

    ཁྱིམ་ཚང་ཞིང་ར།

    ཞིང་པའི་མཉམ་ལས་ཁང་།

    ཞིང་ལས་ཁེ་ལས་སོགས།

    ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ་དང་། དེ་བཞིན་འབྲུ་རིགས་རྨོ་འདེབས་བསྡུ་གསུམ་གྱི་ལས་རིམ་ཧྲིལ་པོར་སྤྱི་ཚོགས་ཅན་གྱི་ཞབས་འདེགས་ཞུ་མཁན་མི་སྒེར་དང་རྩ་འཛུགས་བཅས་ཚུད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།