དབུ་ཤོག>ཞིང་འབྲོག་གསར་པ།
  • ཞིང་པ་འདི་དག་ལ་ཐེངས་གཅིག་ལ་ཁ་གསབ་སྒོར་དུང་ཕྱུར་100སྤྲོད་མཁན་རེད།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2023-04-19

    ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་100བཏང་ནས་འབྲུ་རིགས་འདེབས་མཁན་ཞིང་པར་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་སྤྲོད་རྒྱུ་ཡིན་པ།

    ཉེ་ཆར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ཞིང་ལས་རྒྱུ་ཆའི་ཁྲོམ་རའི་རིན་གོང་འཕེལ་ཕྱོགས་དང་ཞིང་ལས་ཐོན་སྐྱེད་ཀྱི་དུས་བབ་ལ་སྤྱི་འདོམས་བསམ་གཞིག་བྱས་ཏེ། ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་100བཏང་ནས་འབྲུ་རིགས་འདེབས་མཁན་ཞིང་པར་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་སྤྲད་དེ་དཔྱིད་རྨོད་ཐོན་སྐྱེད་ལ་སྤྱི་འདོམས་རྒྱབ་སྐྱོར་དང་ཞིང་པས་འབྲུ་རིགས་འདེབས་པའི་སེམས་ཤུགས་སྔར་བས་འཕེལ་བར་བྱེད་རྒྱུ་ཡིན་པ་རེད།

    微信图片_20230419153559.png

    ད་ཐེངས་ཀྱི་ཁ་གསབ་སྤྲོད་ཡུལ་ནི་འབྲུ་རིགས་འདེབས་མཁན་ལ་ཡིན་ཞིང་། དེའི་ནང་འགན་གཙང་བླངས་པའི་ཞིང་ཁར་འབྲུ་རིགས་འདེབས་མཁན་གྱི་ཞིང་པ་དང་། བརྒྱུད་བཤུག་བཏང་བའི་ཞིང་ཁར་འབྲུ་རིགས་འདེབས་མཁན་གྱི་དུད་ཆེན། ཁྱིམ་ཚང་ཞིང་ར། ཞིང་པའི་མཉམ་ལས་ཁང་། ཞིང་ལས་དང་ཁེ་ལས་སོགས་གསར་དར་ཞིང་ལས་གཉེར་སྐྱོང་གི་བྱེད་པོ་དང་། དེ་བཞིན་འབྲུ་རིགས་རྨོ་འདེབས་བསྡུ་གསུམ་གྱི་བརྒྱུད་རིམ་ཧྲིལ་པོར་སྤྱི་ཚོགས་ཅན་གྱི་ཞབས་འདེགས་ཞུ་མཁན་མི་སྒེར་དང་རྩ་འཛུགས་བཅས་ཚུད་ཡོད་ཅིང་། ཁ་གསབ་མ་དངུལ་འབྲུ་རིགས་འདེབས་མཁན་གྱི་ལག་ཏུ་དངོས་སུ་རག་པར་བྱེད་རྒྱུ་རེད། ས་ཁུལ་ཁག་གིས་འབྲེལ་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་ཁ་གསབ་ཀྱི་ཚད་གཞི་གཅིག་བསྡུས་གཏན་འཁེལ་བྱེད་པ་དང་དེང་རབས་ཅན་གྱི་ཆ་འཕྲིན་ལག་རྩལ་གྱི་བྱ་ཐབས་གང་ལེགས་སྤྱད་ནས་གཱ་གཅིག་ཀུན་འཐུས་སོགས་ཀྱི་བྱེད་ཐབས་བརྒྱུད་ཁ་གསབ་ཀྱི་མ་དངུལ་ཚང་མ་དུས་ཐོག་ཏུ་སྤྲོད་ཐུབ་པ་བྱེད་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།