དབུ་ཤོག>ཞིང་འབྲོག་གསར་པ།
  • མཚོ་སྨད་རྫོང་གིས་ལས་འགོ་བསྐྱར་འཛུགས་ཀྱི་རྣམ་གྲངས་བདེ་འཇགས་ངང་ལག་བསྟར་ཐོན་སྐྱེད་བྱེད་པའི་གསོ་སྦྱོང་གི“སློབ་ཚན་དང་པོ”འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-14

    ཁེ་ལས་འགན་འཁུར་བ་དང་བདེ་འཇགས་དོ་དམ་པའི་བདེ་འཇགས་ཐོན་སྐྱེད་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས། རྫོང་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་མུ་མཐུད་བརྟན་ཐོག་ཡར་འཕེལ་ལ་སྐུལ་འདེད་གཏོང་ཆེད། ཉེ་དུས་མཚོ་སྨད་རྫོང་གིས་ལས་འགོ་བསྐྱར་འཛུགས་ཀྱི་རྣམ་གྲངས་བདེ་འཇགས་ངང་ལག་བསྟར་ཐོན་སྐྱེད་བྱེད་པའི་གསོ་སྦྱོང་གི“སློབ་ཚན་དང་པོ”འཚོགས་པ་རེད།

    ད་ཐེངས་ཀྱི་བྱེད་སྒོ་མཚོ་སྨད་རྫོང་འཕྲལ་སྡོམ་དོ་དམ་ཅུས་ཀྱི་འབྲེལ་ཡོད་མི་སྣས་སློབ་ཚན་ཁྲིད་པ་དང་རྫོང་གི་གཙོ་གནད་རྣམ་གྲངས་ཚན་པའི་འགན་འཁུར་བ་དང་། ཨར་པོའི་ཁེ་ལས་ཁག་གི་འགན་འཁུར་བ། བདེ་འཇགས་པ། ལྟ་སྐུལ་བ། ཨར་པོ་བ་སོགས་མི་50ལྷག་ཙམ་ཞུགས་ཡོད་པ་དང་། “ཁེ་ལས་ཀྱིས་ལས་ཐོན་བསྐྱར་ཚུགས་ཀྱི་བདེ་འཇགས་ཐོན་སྐྱེད་བྱེད་པོའི་འགན་འཁྲི་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ”གསོ་སྦྱོང་གི་བརྗོད་དོན་གཙོ་བོར་བྱས་ནས། བདེ་འཇགས་ཐོན་སྐྱེད་ལས་འཛོལ་སྐོར་གྱི་ཉེན་གཏོང་སློབ་གསོའི་གློག་བརྙན་སྟོན་པ་དང་། བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་འགྲེལ་བཤད་རྒྱག་པ། ལས་ཐོན་བསྐྱར་ཚུགས་བྱེད་རིང་ཐོན་སླ་བའི་ཉེན་ཁའི་བྱེད་སྤྱོད་སྟོན་པ། ལས་ཐོན་བསྐྱར་ཚུགས་ཀྱི་བདེ་འཇགས་བྱེད་ཐབས་ལ་ཤུགས་སྣོན་དང་དོན་འཁྱོལ་སོགས་ཕྱོགས་མང་པོ་བརྒྱུད་ནས། དོན་དངོས་དང་གྲངས་གཞི་འབོར་ཆེན་དྲངས་ཏེ། གོ་བདེ་ཤེས་སླ་དང་དགོད་བྲོ་བའི་སྐད་ཆ་ནས་ཁེ་ལས་ཀྱིས་ལས་ཐོན་བསྐྱར་ཚུགས་བྱེད་རིང་ཐོན་པའི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་འགྲེལ་བཤད་གཏིང་ཟབ་བརྒྱབ་ནས། སློབ་མའི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་སྟེ། འབྲེལ་ཡོད་ཚན་པའི་བདེ་འཇགས་ཀྱི་ཉེན་ཁར་དོ་དམ་ཚོད་འཛིན་དང་མངོན་མེད་རྐྱེན་ངན་གྱི་གྲལ་བཤེར་ནུས་པ་ཆེ་རུ་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།