དབུ་ཤོག>ཞིང་འབྲོག་གསར་པ།
  • གཞི་རིམ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-07

    རྫ་ཡུལ་རྫོང་གད་སྟག་གྲོང་ཚོའི་ཏང་ཀྲི་པུའུ་ཡིས《གད་སྟག་གྲོང་ཚོའི“གྲོང་ཚོ་རེར་ཐབས་ཇུས་རེའི”རྩ་འཛུཌ་དར་རྒྱས་གཏོང་བའི་ཇུས་གཞིའི》དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཏང་ཀྲི་པུའུ་འཛུཌ་སྐྱོང་ལ་ཤུཌ་སྣོན་བརྒྱབ་ནས་གད་སྟག་གྲོང་ཚོའི་གྲོང་གསེབ་དར་རྒྱས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་རེད།

    “སློབ་སྦྱོང་རྣམ་པའི”ཏང་ཀྲི་པུའུ་བཙུགས་པ།

    གད་སྟག་གྲོང་ཚོའི་ཏང་ཀྲི་པུའུ་ཡིས“ཚོཌ་འདུ་གསུམ་དང་སློབ་ཚན་གཅིག”དང་། ཏང་ཡོན་གྱི་རྒྱང་ཁྲིད་སློབ་གསོ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་། དེ་བཞིན་སྐད་འཕྲིན་ཚོགས་པ་ནས་བརྒྱུད་བསྐུར། དུད་ཚང་དུ་སྒྲོག་འགྲེལ་སོགས་ཀྱི་བྱེད་ཐབས་བརྒྱུད་བསམ་བློ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་འབྲེལ་ཡོད་ཚོགས་འདུ་དང་དེ་བཞིན་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་ཧུར་ཐག་བྱས་པ་རེད།

    དེ་དང་ཆབས་ཅིག གད་སྟག་གྲོང་ཚོའི“ཏང་གི་བཀའ་དྲིན་དྲན་པ་དང་། སྨོན་འདུན་ཞུ་བ། ལོ་གསར་ལ་རྟེན་འབྲེལ་ཞུ་བ”བཅས་ཀྱི་ཡིག་གཟུགས་འགྲེམས་སྟོན་དང་ཏང་ཡོན་ལས་བྱེད་པས“སྤྱི་སྐད་ཡག་པོ་ཤོད་པ་དང་ཡག་པོ་སྤྱོད་པ”དང“ས་མཐོའི་བུ་ཕྲུག་གི་སེམས་པ་ཏང་ལ་ཕྱོགས་པའི”སློབ་མའི་གཏམ་བཤད་འགྲན་བསྡུར་དང་། “ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་གད་སྟག་གྲོང་ཚོའི་གཏམ་རྒྱུད་ཤོད་པའི”པར་རིས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་གཞི་རིམ་གྱི་སྒྲོག་འགྲེལ་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། 《བོད་རང་སྐྱོང་ལྗོངས་ཀྱི་གཞི་རིམ་སྒྲོག་འགྲེལ་པའི་སྒྲོག་འགྲེལ་རྩ་གནད》དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ནས། ཏང་ཡོན་མང་ཚོགས་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་སྲིད་ཇུས་དང་ཁྲིམས་སྲོལ་ལ་གོ་བ་ལེན་ཚད་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བ་རེད།

    “གདོང་ལེན་རྣམ་པའི”ཏང་ཀྲི་པུའུ་བཙུགས་པ།

    གད་སྟག་གྲོང་ཚོས《གད་སྟག་གྲོང་ཚོའི“ཟླ་ཕྱེད་ཀྱི་ལས་འགན་བསྒྲུབས་ཚུལ་གསལ་ཞུའི”ལས་དོན་ཇུས་གཞི་ནན་ཏན་ངང་བཟོས་ནས་ལག་ལེན་བསྟར་རྗེས་གྲོང་ཚོ“ཨུ་ལྷན་གཉིས”དང་། རྗེས་གྲབས་ལས་བྱེད་པ། ལས་གནས་ཁག་གི་ལས་དོན་མི་སྣ་བཅས་ཀྱི་ལས་འགན་བསྒྲུབས་ཚུལ་གསལ་ཞུ་ཐེངས་10ལྷག་ཙམ་བྱས་པས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་སྣེ་ཁྲིད་ནུས་པར་འགྱུར་ལྡོག་མངོན་གསལ་དོད་པོ་ཕྱིན་ཡོད་པ་རེད།

    གད་སྟག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཟླ་བས་རང་འགུལ་ངང་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་དང་། དེ་བཞིན་རྫོང་ཞིང་ལས་གྲོང་གསེབ་ཅུས། འགྲིམ་འགྲུལ་སྐྱེལ་འདྲེན་ཅུས། གློག་ཤུགས་ཀུང་སི། བཅའ་སྡོད་དཔུང་སྡེ་སོགས་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ། འཛུགས་སྐྲུན་མ་དངུལ་སྒོར་ཁྲི་10ཙམ་བརྩོན་ལེན་བྱས་ཡོད། གྲོང་ཚོའི་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཚེ་རིང་བསོད་ནམས་ཀྱིས་གྲོང་དོན་ལྟ་ཞིབ་ཨུ་ལྷན་གྱི་ཁོངས་མིའི་སྣེ་ཁྲིད་དེ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་གནད་དོན་2ཐག་གཅོད་བྱས་པ་དང་། “གཉིས་ལྡན་དུད་སྦྲེལ”གྱི་དུད་སྦྲེལ་སྤྱི་མི(ཏང་གི་ཚོགས་ཆུང་གི་ཙུའུ་ཀྲང)3གྱིས་ཚོགས་ཆུང་ཁྱབ་ཁོངས་སུ་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ལས་དོན་ཐེངས་མང་སྤེལ་བ་རེད། དེ་དང་ཆབས་ཅིག གྲོང་སྡོད་ལས་དོན་རུ་ཁག་གིས་མཐུན་སྦྱོར་ཧུར་ཐག་བྱས་ནས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ་7དང་དེ་བཞིན“གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི་3ལ་ནུབ་ཆས་ཆ་ཚང་རེ་བཟོས་པས་དམངས་ལ་ཞབས་འདེགས་ཞུ་བའི་གྲོང་ཚོའི་ལས་བྱེད་པའི་ཧུར་སེམས་དང་འགན་སེམས་ཆེ་རུ་ཕྱིན་ཡོད།

    “ཕྱུག་འགྱུར་རྣམ་པའི”ཏང་ཀྲི་པུའུ་བཙུགས་པ།

    གད་སྟག་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་མཐོ་གྲང་འབྲོག་ཁུལ་གྱི་དོན་དངོས་ལ་གཞི་ཚུགས་ཏེ་སྔ་རྗེས་སུ་གྲོང་གསེབ་འཛུགས་སྐྲུན་གྱི“གྲོང་ཚོ་རེར་ཐབས་ཇུས་རེའི”མཛུབ་ཁྲིད་བསམ་འཆར་དང“གད་སྟག་རྟགས་ཅན”གྱི་འབྲོག་ལས་ཐོན་རྫས་ལས་སྣོན་དང་ཕྱིར་ཚོང་ཇུས་གཞི་སོགས་ཞིབ་འཇུག་བྱས་ནས་བཟོས་ཏེ་གད་སྟག་གྲོང་ཚོའི་ཐོན་ལས་འཕེལ་རྒྱས་ཕྱོགས་སྒྱུར་ལ་སྐུལ་འདེད་ཧུར་ཐག་བཏང་བ་རེད།

    དེ་དང་དུས་མཚུངས། དབུལ་ལོག་སྔོན་འགོག་གི་སྒུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་པའི་ལས་དོན་ཏན་ཏིག་སྤེལ་ནས་ཡིག་ཚགས་དང་གཱ་བཟོས་པའི་དབུལ་སྒྲོལ་དུད་ཚང་6དང་དེ་མིན་གྱི་དུད་ཚང་12ལ་དུས་བཀག་བཞིན་དབུལ་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་ལས་དོན་སྤེལ་བ་དང་། 2021ལོ་དང་2022ལོར་གད་སྟག་གྲོང་ཚོའི་མང་ཚོགས་ཀྱི་ཡོང་འབབ་བསྡུར་བའི་བསྡོམས་རྩིས་རེའུ་མིག་ཅིག་ཆགས་ཡོད། གླ་པ་དང་མགྲོན་ཁང་གི་ཟ་སྡོད་སོགས་ཀྱི་ལས་གནས་ངོ་སྤྲོད་བྱས་པ་བརྒྱུད་ཡེ་ཤེས་ལྷ་མོ་དང་ཤེས་རབ་ཀྱི་ཡོང་འབབ་དམའ་བའི་དུད་ཚང་2ལ་འབབ་འཕར་སྒོར་5000ལྷག་ཙམ་བྱུང་ཡོད།

    “ཞབས་ཞུ་རྣམ་པའི”ཏང་ཀྲི་པུའུ་བཙུགས་པ།

    གད་སྟག་གྲོང་ཚོའི་ཏང་ཀྲི་པུའུ་དང་དེ་བཞིན་གྲོང་སྡོད་ལས་དོན་རུ་ཁག་གིས་རང་སོ་སོའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་མང་ཚོགས་ལ་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་མཐུན་སྦྱོར་དང་ཐག་གཅོད་ཧུར་ཐག་བྱས་ཡོད།

    གད་སྟག་གྲོང་ཚོས་ཉིང་ཁྲི་གྲོང་ཁྱེར་སློབ་གསོ་ཅུས་དང་མཐུན་སྦྱོར་བྱས་ནས་མཐའ་སྲུང་སྐོར་གཡེང་དང་གནོད་འཚེ་ཉུང་གཏོང་དང་སྔོན་འགོག་གི་དངོས་ཟོག་གྲབས་གསོག་ཁང་དང་། མཐའ་སྲུང་སྐོར་གཡེང་། དེ་བཞིན་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཐོན་སྐྱེད་ཐད་སྤྱོད་པའི་རླངས་འཁོར། ལུས་སྦྱོང་ལུས་རྩལ་ཡོ་བྱད་སོགས་མ་དངུལ་ཁྱོན་སྒོར་ཁྲི་23.1ཐག་གཅོད་བྱས་ཡོད། གྲོང་སྡོད་ཧྲུའུ་ཅི་དང་པོའི་འགྲོ་གྲོན་སྒོར་ཁྲི་1.5སྤྱད་དེ་ལྕགས་དྲ་སྐོར་བའི་ལྕགས་ཧྲེང་རྐང་600ཉོས་ནས་གྲོང་ཚོའི་ཞིང་འབྲོག་ལས་འཕེལ་རྒྱས་ལ་རམ་འདེཌ་བྱས་པ་དང་། 2021ལོ་དང་2022ལོའི་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོའི་འགྲོ་གྲོན་སྒོར་ཁྲི་5.92སྤྱད་དེ་བསམ་བློ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུཌ་ཀྱི་སློབ་སྦྱོང་ལས་སྟེཌ་ཧུར་ཐག་བཏོད་ཡོད། གད་སྟག་གྲོང་ཚོའི་འབྲོག་རའི་གནས་སྐབས་སྡོད་སའི་ཁང་པ་དང་གློག་བེད་སྤྱོད་དང་མང་ཚོགས་ཀྱི་ཁ་ལོ་བའི་རྩལ་ནུས་གསོ་སྦྱོང་གི་གཟིཌ་སྐྱོང་སོགས་ཀྱི་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས་ཡོད། དེ་དང་ཆབས་ཅིག གྲོང་སྡོད་ལས་དོན་རུ་ཁག་དང་མཉམ་དུ་ཡིག་ཚཌ་དང་གཱ་བཟོས་པའི་ཁྱིམ་ཚང་6དང་། ཕྲུ་གུ་དམར་འབྱར། རྒན་རྒོན་དང་ཕྲུ་གུ་སོཌ་ལ་ཁྱོན་འཚམས་འདྲིའི་དངུལ་སྒོར་5800སྤྲད་པ་རེད། སྤྱི་ཚོཌ་ཀྱི་མི་སྣ་དང་མཐུན་སྦྱོར་བྱས་ཏེ་གད་སྟག་གྲོང་ཚོའི་སློབ་མར་སློབ་སྦྱོང་མཁོ་ཆས་སྒམ་ཆ་ཚང་25ཞལ་འདེབས་བརྒྱབ་པ་དང་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི་སློབ་མར་སློབ་ཚན་ཁ་གསབ་ཐེངས་30ལྷག་ཙམ་བྱས་པར་སློབ་མ་མི་ཐེངས་150ལྷག་ཙམ་ལ་ཕན་པ་ཐོབ་ཡོད། རྒྱལ་ལམ་219ལམ་རྒྱུད་དུ་གངས་གསོག་ཐེབས་ནས་ཉེན་ཁའི་གནས་སུ་གྱར་བའི་ཡུལ་སྐོར་བ་དང་མང་ཚོཌ་མི་ཐེངས་5ལ་རོགས་རམ་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།