དབུ་ཤོག>ཞིང་འབྲོག་གསར་པ།
  • རི་གྲོང་ལུང་ཁུག་ནས་སྤོས་པས་གནམ་ས་དེ་བས་ཡངས།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧྲེན་ལིན།   |     སྤེལ་དུས།  2023-04-02

    བོད་ལྗོངས་མེ་ཏོག་རྫོང་དགའ་ལྡན་ཤང་དུ་འགྲོ་བའི་ལམ་བར་དུ་བྱེ་བགྲོད་རླངས་འཁོར་ཡམ་ཡོམ་ངང་མདུན་ཕྱོགས་སུ་བསྐྱོད་པ་དང་གཞོགས་གཅིག་ནི་གཏིང་ཚད་མི་དཔོག་པའི་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོ་ཡིན་པ་དང་། གཞོགས་གཞན་ཞིག་ནི་ས་བརྡིབས་པ་དང་རྡོ་ཟགས་པའི་གནས་ཚུལ་ཡང་ཡང་ཐོན་པའི་ལམ་དུམ་ཡིན། མདུན་ཕྱོགས་སུ་ལྟ་སྐབས་སྨུག་པ་འཐིབས་ནས་རྒྱང་རིང་པོ་མཐོང་གི་མེད།

    བོད་ལྗོངས་མེ་ཏོག་རྫོང་དུ་སྨུག་པ་འཐིབ་པའི་གནམ་གཤིས་བསྟན་མང་བ་དང་དགའ་ལྡན་ཤང་ནི་དེ་བས་སྨུག་སྤྲིན་ཁྲོད་དུ་གནས་པ་ལྟར་སྣང་། རྫོང་གྲོང་ནས་དགའ་ལྡན་ཤང་བར་གཞུང་ལམ་ཤར་གཏོང་མ་ཐུབ་གོང་ཉིན་4འགྲོ་དགོས་ཀྱི་ཡོད། “དེ་སྔ་རྫོང་གྲོང་དུ་སྒོར་150བྱས་པའི་འབྲས་འགྱིག་ཕད་གང་ལ་དབོར་གླ་ཁོ་ནར་སྒོར་500འགྲོ་གི་ཡོད”ཅེས་དགའ་ལྡན་ཤང་གི་ཤང་ཀྲང་ཤེས་རབ་རྡོ་རྗེས་དེ་ལྟར་བརྗོད།

    མིག་ལམ་དུ་འཆར་བའི་བྱེ་རྡོའི་ལམ་དེ་ནི་དགའ་ལྡན་ཤང་དུ་བསྐྱོད་པའི་གཞུང་ལམ་གཅིག་པུ་དེ་ཡིན་པ་དང་ཤར་གཏོང་ཐུབ་ནས་ལོ་3ཡང་འགྲོ་གི་མེད། མེ་ཏོག་རྫོང་དུ་ཆར་དུས་རིང་བས་ས་བརྡིབས་པ་དང་འདམ་རྡོའི་ཆུ་རུད་ཀྱི་གནས་ཚུལ་ཐོན་ནས་ལམ་ཡང་སེ་འགག་གི་ཡོད། ལོ་གསུམ་ཙམ་རིང་། གསར་འགོད་པ་མེ་ཏོག་རྫོང་དུ་ཐེངས་གསུམ་བསྐྱོད་པ་དང་ཐེངས་གཉིས་ལམ་འགགས་ནས་དགའ་ལྡན་ཤང་དུ་འགྲོ་ཐུབ་མེད།

    ལོ་25ལ་སླེབས་པའི་ལྷོ་པ་རིགས་ཀྱི་བུ་མོ་སྐལ་བཟང་མཚོ་མོ་ནི་དགའ་ལྡན་ཤང་ལྕགས་སྤུངས་སྒང་གྲོང་ཚོ་ནས་ཡིན་ཞིང་། ཁོ་མོས་ཆུང་དུས་གྲོང་ཚོ་ནས་དགའ་ལྡན་ཤང་སློབ་ཆུང་དུ་སྐྱོད་པར་རྐང་ལམ་ཕྲ་མོ་བརྒྱུད་ཆུ་ཚོད་གཅིག་གཉིས་ཙམ་འགྲོ་དགོས་པ་དང་རྗེས་སུ་རྫོང་གྲོང་ཉེ་འགྲམ་གྱི་བྱ་ར་ས་ཤང་དུ་སློབ་ཆུང་གི་ལོ་རིམ་མཐོ་བ་འགྲིམ་དུས་ལམ་དུ་ཉིན་གཅིག་ཏག་ཏག་འགྲོ་དགོས་ཀྱི་ཡོད། དེ་རྗེས་རྫོང་གྲོང་དུ་སློབ་འབྲིང་འགྲིམ་སྐབས་ལམ་བར་དུ་ཉིན་4ཙམ་འགྲོ་དགོས་ཀྱི་ཡོད་ཅེས་བརྗོད། ཁྱིམ་གྱི་འབྲས་དང་ཚྭ་སོགས་འཚོ་བའི་མཁོ་ཆས་རྫོང་གྲོང་ནས་སྒལ་པར་ཁུར་ནས་ཡོང་དགོས་པ་དང་། འཛུགས་སྐྲུན་རྒྱུ་ཆ་དབོར་ཐབས་བྲལ་བས་རང་ས་ནས་ཤིང་ཆ་བཙལ་ཏེ་ཤིང་ཁང་བསྐྲུན་ནས་ཁང་པའི་འོག་ཏུ་སྒོ་ཕྱུགས་སྡོད་པ་དང་ཁང་པའི་སྟེང་དུ་མི་སྡོད་ཀྱི་ཡོད། བརྙན་འཕྲིན་དང་གོས་འཁྲུད་འཕྲུལ་ཆས་སོགས་གློག་མི་འདང་བའི་རྐྱེན་གྱིས་ཁྱིམ་སྤྱོད་གློག་ཆས་མཚན་མོ་མ་གཏོགས་སྤྱོད་ཐུབ་ཀྱི་མེད་པ་དང་རྗེས་སུ་ཆུ་དང་གློག་ཤར་གཏོང་ཐུབ་མོད། འོན་ཀྱང་གློག་གནོན་མི་འདང་བས་འཚང་གཡོལ་བྱས་ཏེ་སྤྱོད་དགོས་ཀྱི་ཡོད།

    རི་ཁུག་ནས་སྤོས་རྗེས་འགྱུར་ལྡོག་བྱུང་བ།

    ལོ་20ཡི་གོང་། ས་གནས་དེ་གས་དགའ་ལྡན་ཤང་གི་རི་ཁུག་གྲོང་ཚོ་དག་གནས་སྤོ་བྱས་པ་དང་། ལོ་10ཡི་རིང་སྲིད་འཛིན་གྲོང་ཚོ་3ཉེ་འགྲམ་གྱི་རྫོང་དང་མེ་ཏོག་རྫོང་གི་ལྷོ་རྒྱུད་ཀྱི་ས་ཡངས་སར་སྤོས་པ་རེད། འདི་ལོའི་ཟླ་3པར། དགའ་ལྡན་ཤང་གི་ཁག་མཇུག་ཤོས་ཀྱི་ཁྱོན་མང་ཚོགས་190ལྷག་ཙམ་སྤྱིའི་ཆ་ནས་གནས་སྤོས་ཟིན་ཏེ་ཁང་པ་གསར་པར་སྡོད་འགོ་ཚུགས་ཡོད།

    མེ་ཏོག་གི་མང་ཚོགས་སྔར་བས་མང་བ་རི་ཁུག་ནས་སྤོས་ཤིང་། ཤང་ཧྲིལ་པོ་གནས་སྤོ་བྱས་པའི་དགའ་ལྡན་ཤང་ཕུད་བྱང་རྒྱུད་ཀྱི་རི་ཁུག་ཏུ་གནས་པའི་བྱ་ར་ས་ཤང་ཡང་གཅིག་རྗེས་གཉིས་མཐུད་ངང་གནས་སྤོ་བྱས། ན་ནིང་མེ་ཏོག་རྫོང་དུ་ཁྱོན་དུད་ཚང་180ཡི་མི་600ལྷག་ཙམ་གནས་སྤོ་བྱས་པ་དང་རྫོང་གིས་སྒོར་ཁྲི་4000ལྷག་ཙམ་བཏང་ནས་ནགས་གསེབ་དཔལ་འབྱོར་སོགས་ལེ་ལག་ཚང་བའི་ཐོན་ལས་རྣམ་གྲངས་འཕེལ་རྒྱས་བཏང་ཡོད།

    བོད་དུ་ལག་ལེན་བསྟར་བའི་རྒྱལ་ཁབ་ཀྱི་ལོ་15ཡི་གཞུང་གྲོན་སློབ་གསོ་དང་འོས་འགན་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་ཀྱི་གཟིགས་སྐྱོང་འོག སྐལ་བཟང་མཚོ་མོ་གཅེན་གཅུང་5ཚང་མ་སློབ་ཆེན་དུ་རྒྱུགས་འཕྲོད་ཡོད། ད་ཆ་གཅེན་པོ་གཉིས་ལས་ཀར་ཞུགས་པ་དང་གཅུང་པོ་གཉིས་སློབ་ཆེན་འགྲིམ་བཞིན་ཡོད། སྐལ་བཟང་མཚོ་མོ་སློབ་ཆེན་ཐོན་རྗེས་ཕ་ཡུལ་དུ་ལོག་ནས་ལས་ཀ་བྱས། གྲངས་གཞི་ལས་མངོན་གསལ། “ལོ་ལྔ་ཚན་བཅུ་གསུམ”པའི་རིང་། མེ་ཏོག་རྫོང་དུ་སློབ་ཆུང་གི་ལོ་ཚད་ལོན་པའི་བྱིས་པ་དངོས་སུ་སློབ་ཞུགས་བྱེད་ཚད་100%ཟིན་པ་དང་། སློབ་འབྲིང་གི་ན་འདྲེས་སློབ་ཞུགས་བྱེད་ཚད་99.82%ཟིན་པ། མཐོ་རིམ་སློབ་འབྲིང་གི་ན་འདྲེས་སློབ་ཞུགས་བྱེད་ཚད་92.45%ཟིན་ཡོད།

    དགའ་ལྡན་ཤང་སློབ་ཆུང་གི་སློབ་སྤྱི་གཞོན་པ་ཆན་ཅན་ཧུང་གིས་རི་ཁུག་ནས་སྤོས་རྗེས་ཕྲུ་གུ་ཚོའི་སློབ་སྦྱོང་གི་ཆ་རྐྱེན་སྔར་བས་ཡག་ཏུ་ཕྱིན་ཡོད་ཅེས་བརྗོད།

    ཁྲབ་རྨོག་ནས་མེ་ཏོག་བར་གྱི་གཞུང་ལམ་བསྐྲུན་ནས་ལོ་10ཡི་རྗེས་སུ། ཕད་ནས་མེ་ཏོག་བར་གྱི་གཞུང་ལམ་ཤར་གཏོང་ཐུབ་གྲབས་ཡོད་པ་དང་། རྒྱལ་ལམ་219ལམ་ཐིག་ཀྱང་མགྱོགས་མྱུར་སྐྲུན་བཞིན་ཡོད་པས་བོད་ལྗོངས་མེ་ཏོག་དང་ཕྱིའི་དབར་གྱི་འབྲེལ་བ་སྔར་བས་དམ་ཟབ་དང་སྟབས་བདེ་རུ་འགྲོ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།