དབུ་ཤོག>ཞིང་འབྲོག་གསར་པ།
  • ལས་ཀ་ནས་དོན་རྗེས་རྒན་གསོའི་འགན་བཅོལ་དངུལ་མ་འཇལ་ན་སྐྱོན་གང་ཡོད།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2023-03-31

    འགན་བཅོལ་ནང་ཞུགས་མཁན་གྱི་ངོས་ནས་བརྗོད་ན། ང་ཚོས་ནམ་རྒྱུན་འཇལ་བཞིན་པའི་སྤྱི་ཚོགས་འགན་བཅོལ་ནང་རྒན་གསོའི་འགན་བཅོལ་དངུལ་ཞིག་ཡོད་པ་དེ་རྒན་ཡོལ་ཞུས་རྗེས་ལེན་ཆོག་གི་ཡོད།

    ལས་ཀ་ནས་དོན་རྗེས་རྒན་གསོའི་འགན་བཅོལ་དངུལ་འཇལ་མཚམས་བཞག་པ་གསབ་ཆོག་གམ། དེས་རྒན་ཡོལ་དངུལ་སྤྲོད་པར་ཤུགས་རྐྱེན་ཐེབས་སམ།

    《སྤྱི་ཚོགས་འགན་བཅོལ་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ལམ་ལུགས་ཀྱི་གཏན་འབེབས་ལྟར་ན། འཇལ་མཚམས་བཞག་པའི་དངུལ་དག་གསབ་མི་ཆོག་པ་དང་། དངུལ་འཇལ་མཚམས་བཞག་པའི་སྔ་རྗེས་ཀྱི་དངུལ་འཇལ་ཡུན་གྱི་ལོ་ཚད་རིམ་རྩིས་རྒྱག་གི་ཡོད། དངུལ་ཇི་ཙམ་མང་བ་འཇལ་ཚེ་དེ་ཙམ་གྱིས་མང་བ་སྤྲོད་པའི་རྒན་གསོའི་དངུལ་སྤྲོད་པའི་རྩ་དོན་ལ་བརྩི་སྲུང་ཞུ་དགོས། གལ་ཏེ་གྲོན་དངུལ་འཇལ་བའི་རིམ་རྩིས་ལོ་ཚད་ཉུང་དུ་ཕྱིན་ཚེ་དེ་མཚུངས་ཀྱི་ཐོབ་ཆ་ཡང་ཉུང་བ་ཡོད།

    ལས་ཀ་ནས་བྲལ་རྗེས་རྒན་གསོའི་འགན་བཅོལ་དངུལ་མུ་མཐུད་ཇི་ལྟར་འཇལ་དགོས།

    གལ་ཏེ་ལས་ཀ་ནས་བྲལ་རྗེས་ལས་ཀ་གསར་པ་མགྱོགས་པོ་རག་ན་ལས་ཁུངས་གསར་པས་དུས་ཐོག་ཏུ་འགན་བཅོལ་ནང་ཞུགས་པའི་འགྲོ་ལུགས་གཉེར་དགོས་པའི་དྲན་སྐུལ་གཏོང་དགོས་པ་དང་། ངལ་རྩོལ་སྐོར་གྱི་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ངལ་རྩོལ་གྱི་འབྲེལ་བ་བཙུགས་པའི་ཟླ་དེ་ནས་བཟུང་ཁྲིམས་ལྟར་འགན་བཅོལ་ནང་ཞུགས་ནས་གྲོན་དངུལ་འཇལ་དགོས།

    གལ་ཏེ་ལས་ཀ་ནས་བྲལ་རྗེས་གནས་སྐབས་ལས་ཀ་བྱེད་ས་མ་རག་ཚེ་ཇི་ལྟར་བྱེད་དགོས།

    ཐེམ་ཐོ་གནས་ཡུལ་དུ་སྐབས་བསྟུན་ལས་ཞུགས་མི་སྣའི་མིང་ཐོག་ནས་ཁེ་ལས་ཀྱི་ལས་བཟོའི་རྒན་གསོའི་འགན་བཅོལ་ནང་ཞུགས་དགོས་པ་དང་། ལས་ཀ་གསར་པ་རག་རྗེས་ཚན་པ་དེ་གས་འགན་བཅོལ་ནང་ཞུགས་པའི་འགྲོ་ལུགས་གཉེར་ན་འགྲིག་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།